མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོའི་གྲུ་གཟིངས་རྒྱ་མཚོར་ནུབ་པའི་དོན་རྐྱེན་ལས་མི284གར་སོང་རྙེད་མེད་པ་དང་སྲོག་ཉེན་ལས་ཐར་བར་རེ་བ་ཆེར་མེད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-17 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་འགྲུལ་བ475དྲུད་པའི་འགྲུལ་སྐྱེལ་གྲུ་གཟིངས་ཤིག་ཚེས16ཉིན་གྱི་སྔ་དྲོའི་དུས་ཚོད8དང་སྐར་མ58སྟེང་ཧན་གོའི་ལྷོ་ཕྱོགས་ཀྱི་མཚོ་ཁོངས་ནས་རྒྱ་མཚོར་ནུབ་པ་དང་། མིག་སྔའི་བར་དོན་རྐྱེན་དེ་ལས་མི6རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི290གར་སོང་རྙེད་མེད་ལ། མི179སྲོག་ཉེན་ལས་བསྐྱབས། རྒྱ་མཚོར་ནུབ་པའི་གྲུ་གཟིངས་དེར་བསྡོམས་པས་འགྲུལ་བ475ཡོད་པ་དང་། དེའི་ནང་ཅི་ཀྲིག་གླིང་ཕྲན་དུ་སློབ་གསེང་གནས་སྐོར་ལ་འགྲོ་བའི་སློབ་མ375དང་དགེ་རྒན14ཡོད། ཆེད་མཁས་པས་དབྱེ་ཞིབ་བྱས་པ་ལྟར་ན། འགྲུལ་སྐྱེལ་གྲུ་གཟིངས་དེ་རྒྱ་མཚོར་ནུབ་ནས་དུས་ཚོད་རིང་བོ་འགོར་ཡོད་པས་གར་སོང་མ་རྙེད་པའི་འགྲུལ་བ་རྣམས་སྲོག་ཉེན་ལས་ཐར་བར་རེ་བ་ཆེན་པོ་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག