མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ནེ་ཀྲི་རི་ཡཱའི་སློབ་མ་བརྒྱ་ཕྲག་ལྷག་བཙན་ཁྲིད་བྱས་པར་རྒོལ་གཏམ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-17 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས16ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་པའོ་ཨར་ནོའུ་ཀྲིག་ནས་བུད་མེད་སློབ་མ་བརྒྱ་ལྷག་བཙན་ཁྲིད་བྱས་པར་རྒོལ་གཏམ་བཏང་བ་དང་། སློབ་མ་དེ་དག་མྱུར་དུ་བཏང་ནས་ཁོ་མོ་ཚོ་བདེ་འཇགས་ངང་ཁྱིམ་མི་དང་ལྷན་འཛོམས་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་སློབ་གསོའི་ལས་ཁུངས་ལ་ཡ་ང་བའི་འཇབ་རྒོལ་རྒྱུན་དུ་ཐེབས་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། སློབ་གྲྭ་དང་སློབ་མ་འཇབ་རྒོལ་གྱི་དམིགས་འབེན་དུ་བྱེད་པ་ནི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་དང་རྒྱབ་འགལ་དུ་གྱུར་བའི་བྱ་སྤྱོད་ཅིག་ཡིན་ཟེར། ཁོས་ངེས་པར་དུ་སློབ་གྲྭའི་བདེ་འཇགས་ལ་ཁག་ཐེག་བྱས་ཏེ་བྱིས་པ་རྣམས་ཀྱིས་ཞི་བདེའི་ཁོར་ཡུག་ཁྲོད་སློབ་སྦྱོང་བྱས་ནས་འཚར་ལོངས་འབྱུང་དུ་འཇུག་དགོས་པ་ནན་བཤད་བྱས།

ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅོ་ལྔ་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་པའོ་ཨར་ནོའུ་ཀྲིག་གི་བུད་མེད་སློབ་གྲྭ་ཞིག་ལ་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། སློབ་མ་བརྒྱ་ལྷག་བཙན་ཁྲིད་བྱས་པ་དང་མིག་སྔར་གར་ཁྲིད་མི་ཤེས་པ་དང་། རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དང་མི་གཏའ་བཙན་ཁྲིད་བྱས་པའི་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད་ཟེར། ཉེན་རྟོག་ཕྱོགས་དང་ས་དེའི་གསར་འགྱུར་ལས་རིགས་ཀྱིས་བལྟས་ན། དབྱི་སི་ལན་ཐལ་སྤྱོད་རྩ་འཛུགས་པའོ་ཁི་གནས་མཆོག་ལ་དོགས་གཞི་ཆེ་བར་བསམ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག