མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱིས་ཤར་ཕྱོགས་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ནི་སྡོད་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-17 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་བདེ་འཇགས་དང་འཕེལ་རྒྱས་རྩ་འཛུགས་སུ་སྡོད་པའི་ཝུའུ་ཁི་ལན་གྱི་འཐུས་མིས་ཚེས16ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱིས་རྒྱལ་ཁབ་རང་གི་ཤར་ཕྱོགས་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ནི་ས་དེའི་སྡོད་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ཞོར་དུ་ས་དེའི་ཐལ་སྤྱོད་རིང་ལུགས་ཀྱི་ཉེས་ཅན་ཆམ་ལ་ཕབ་པའི་ཆེད་དུ་ཡིན་ཟེར།

ཡོ་རོབ་གླིང་བདེ་འཇགས་དང་འཕེལ་རྒྱས་རྩ་འཛུགས་སུ་སྡོད་པའི་ཝུའུ་ཁི་ལན་གྱི་འཐུས་མི་ཕུའུ་ལོ་ཁི་ཕུའུ་ཁྱིག་ཁི་ཡིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཤར་ཕྱོགས་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ནི་གཙོ་བོ་མཚོན་ཆ་ཡོད་པའི་ཐལ་སྤྱོད་ཉེས་ཅན་དང་འཇིགས་སྐུལ་ཉེས་ཅན་ལ་དམིགས་པ་ཡིན་པ་དང་། དེ་དག་གིས་ས་དེའི་སྡོད་དམངས་ཀྱི་བདེ་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད་པས། ཝུའུ་ཁི་ལན་དཔོན་ཕྱོགས་ཀྱི་འགུལ་སྐྱོད་དེ་ས་དེའི་སྡོད་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་དམིགས་ཡུལ་ཁོ་ནའི་ཆེད་དུ་ཡིན་ཟེར།

ཝུའུ་ཁི་ལན་ཕྱོགས་ཀྱིས་རྣམ་འགྱུར་དེ་འདྲ་བསྟན་པ་ནི་ཚེས་བཅུ་བཞི་ཉིན་ཡོ་རོབ་གླིང་བདེ་འཇགས་དང་འཕེལ་རྒྱས་རྩ་འཛུགས་སུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་པ་ཁི་ལིན་གྱི་གཏམ་བཤད་ལ་ལན་འདེབས་པའི་ཆེད་དུ་རེད། ཨུ་རུ་སིའི་གཞུང་ཚབ་པས་ཉིན་དེར་གསར་འགོད་པར་བསྟན་དོན། ཝུའུ་ཁི་ལན་གྱིས་རྒྱལ་ཁབ་རང་གི་ཤར་ཕྱོགས་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་བ་ནི་ཉེན་ཁའི་བྱ་སྤྱོད་ཅིག་ཡིན་པ་དང་། དེ་ལས་ནང་འཁྲུག་འབྱུང་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག