མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱིས་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་བྱས་ཏེ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-17 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་ཚེས16ཉིན་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཕྱོགས་མང་བོའི་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་བྱས་ཏེ་ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ལཱ་སི་མུའུ་སིན་གྱིས་ཉིན་དེར་བྱང་ཆིངས་རྩ་འཛུགས་ཀྱི་ལས་འཛིན་པའི་གྲོས་ཚོགས་གྲོལ་རྗེས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ཤར་ཕྱོགས་ཀྱི་དམག་དོན་སྟོབས་ཤུགས་ལ་ཤུགས་སྣོན་བྱས་ཏེ། མནའ་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ཕོ་ལན་དང་རོ་མཱ་ནི་ཡཱ་ལ་མྱུལ་ཞིབ་སྐོར་གཡེང་བྱེད་རྒྱུ་མ་ཟད། པོ་ལི་ཏི་མཚོ་རུ་བར་སྣང་ནས་ཉེན་ཟོན་ལས་འགན་ལག་བསྟར་བྱེད་བཞིན་པའི་འཐབ་འཛིང་གནམ་གྲུ་མང་དུ་བཀོད་སྒྲིག་བྱེད་རྒྱུ་ཡིན་ཟེར།

ལཱ་སི་མུའུ་སིན་གྱིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་བར་སྣང་དང་རྒྱ་མཚོ། སྐམ་ས་བཅས་ཕྱོགས་སོ་སོའི་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། པོ་ལོ་ཏི་རྒྱ་མཚོར་བར་སྣང་གི་སྐོར་གཡེང་ལས་འགན་ལག་བསྟར་བྱེད་པའི་གནམ་གྲུ་མང་བོ་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། པོ་ལོ་ཏི་རྒྱ་མཚོ་དང་ས་དཀྱིལ་མཚོ་སོགས་འབྲེལ་ཡོད་མཚོ་ཁོངས་སུ་གྲུ་གཟིངས་མངག་གཏོང་བྱས་ཏེ། མི་སྣའི་དམག་གྲབས་དང་སྦྱོང་བརྡར་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཡིན་ཟེར།

ལཱ་སི་མུའུ་སིན་གྱིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་འགོག་སྲུང་དང་མིག་སྔའི་གནས་བབ་ཞི་འཇགས་སུ་གཏོང་བར་དམིགས་ཏེ་ཆོད་དོན་དེ་འདྲ་བཏོན་པ་ཡིན་ཞིང་། རྗེས་ནས་བྱེ་བྲག་གི་བྱེད་ཐབས་གཞན་པ་འདོན་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་འགོད་པ་ནི་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག