མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་ཨ་མེ་རི་ཁས་འོལ་ཚོད་ཀྱིས་ཝུའུ་ཁི་ལན་སྲིད་གཞུང་གིས་དྲག་ཤུགས་འགུལ་སྐྱོད་སྤེལ་བར་རྒྱབ་སྐྱོར་བྱས་ན་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-17 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས16ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་འོལ་ཚོད་ཀྱིས་ཝུའུ་ཁི་ལན་སྲིད་གཞུང་གིས་ངོ་རྒོལ་བྱེད་པའི་མང་ཚོགས་ལ་དྲག་ཤུགས་འགུལ་སྐྱོད་སྤེལ་བར་རྒྱབ་སྐྱོར་བྱས་ན་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་ཟེར།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཁཱ་ནེ་ཡིས་ཚེས་བཅོ་ལྔ་ཉིན་ཝུའུ་ཁི་ལན་གྱིས་ཤར་ཕྱོགས་ཀྲིག་གསུམ་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་བྱེད་ཐབས་ལ་ཁས་ལེན་བྱེད་པའི་རྣམ་འགྱུར་བསྟན་པར་དམིགས་ཏེ་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། ཨ་མེ་རི་ཁས་ཅི་ཧྥུའུ་དབང་འཛིན་ལས་ཁུངས་ཀྱིས་དྲག་ཤུགས་སྤྱོད་པའི་བྱ་སྤྱོད་དེ་ལ་བཅའ་ཁྲིམས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པར་བཤད་པ་དང་། དེ་ནི་རྒྱལ་ཁབ་རང་གི་མི་དམངས་ལ་འཐབ་འཁྲུག་བྱེད་པར་ཁས་ལེན་བྱས་པ་དང་གཅིག་མཚུངས་ཡིན། ཨ་མེ་རི་ཁ་ཕྱོགས་ཀྱིས་ངེས་པར་དུ་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་དེ་ལྟར་འོལ་ཚོད་ཀྱིས་རྒྱབ་སྐྱོར་བྱས་ནས་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་པར་ངེས་ཤེས་གསལ་བོ་ཡོད་དགོས་ཟེར།

ཨུ་རུ་སིའི་ཙུང་ཐུང་གི་མགྲིན་ཚབ་པ་ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་ཨུ་རུ་སིའི་རྒྱལ་ཁབ་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་སྔ་ན་མེད་པའི་བརྡ་འཕྲིན་འཐབ་རེས་བྱེད་བཞིན་ཡོད་ཀྱང་། ཨུ་རུ་སིའི་ཝུའུ་ཁི་ལན་གནད་དོན་ཐད་ཀྱི་ལངས་ཕྱོགས་ངོ་མ་གང་ཡིན་གསལ་བོར་ཤེས་ཀྱིན་མེད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་དྲུག་ཉིན་ཡོ་ནན་གྱི་རྒྱལ་ས་ཧི་ནེ་ནས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་ནས་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་རྩ་ཁྲིམས་བཅོས་བསྒྱུར་བྱེད་པར་ཡར་སྐུལ་གཏོང་བར་རེ་བས་ཁེངས་ཡོད་ཟེར། ཁོས་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཉམས་ཉེན་ཇེ་སྡུག་ཏུ་སོང་བའི་རྩ་བ་ནི་དབང་འཛིན་ལས་ཁུངས་ཀྱིས་ས་ཁུལ་སོ་སོ་དང་ཆབ་སྲིད་སྟོབས་ཤུགས་སོ་སོ་ཞུགས་པའི་འདྲ་མཉམ་གྱི་གྲོས་མོལ་ཞིག་མ་སྤེལ་པས་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱི་བཟོད་སྒོམ་རང་བཞིན་ལྡན་པའི་རྩ་ཁྲིམས་ཀྱི་བཅོས་བསྒྱུར་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག