མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་ཚོགས་བསྡུས་ཏེ་ཨ་མེ་རི་ཁས་དབྱི་ལིང་གི་འཐུས་མིར་ལམ་ཡིག་མ་བྱིན་པའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-16 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོ་སྒྲུབ་རྒྱལ་ཁབ་འབྲེལ་བའི་ཨུ་ཡོན་ལྷན་ཁང་ལ་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་དབྱི་ལིང་གི་འཐུས་ཚབ་ཚོགས་པས་བསྐུར་བའི་ཨ་མེ་རི་ཁས་དབྱི་ལིང་གི་གསར་དུ་འགན་ཁུར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་ལ་ལམ་ཡིག་མ་བྱིན་པའི་གནད་དོན་སྐོར་གྱི་འཕྲིན་ཡིག་ཅིག་འབྱོར་ཡོད་པ་དང་། གཟའ་འཁོར་རྗེས་མར་གནད་དོན་དེར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྡུས་པའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ལམ་ཡིག་མ་བྱིན་པའི་གནད་དོན་གླེང་སྐབས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོ་སྒྲུབ་རྒྱལ་ཁབ་འབྲེལ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་བའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་སེ་ཕུའུ་ལུའུ་སི་ཡི་འཐུས་མི་ལ་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་དབྱི་ལིང་གི་འཐུས་ཚབ་ཚོགས་པས་བསྐུར་བའི་ལམ་ཡིག་མ་བྱིན་པའི་འབྲེལ་ཡོད་འཕྲིན་ཡིག་ཅིག་འབྱོར་ཡོད་པ་དང་། ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་གནད་དོན་དེར་གྲོས་བསྡུར་བྱེད་རྒྱུ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོ་སྒྲུབ་རྒྱལ་ཁབ་འབྲེལ་བའི་ཨུ་ཡོན་ལྷན་ཁང་གིས་ཚོགས་ཐོག་ནས་དབྱི་ལིང་འཐུས་ཚབ་ཚོགས་པའི་སྙན་ཞུ་ལ་ཉན་རྒྱུ་རེད། ཏིས་ཡཱ་ལི་ཁི་ཡིས་ད་རུང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པས་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་དབྱི་ལིང་གི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས་ཟེར།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཁཱ་ནེ་ཡིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལིང་དང་མཉམ་འབྲེལ་རྒྱལ་ཚོགས་ལ་བརྡ་བཏང་སྟེ། དབྱི་ལིང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་གསར་བ་ཐཱ་ལེ་པུས་ལ་ལམ་ཡིག་སྟེར་མི་སྲིད་ཟེར། ཨ་མེ་རི་ཁའི་གྲོས་མི་རེ་འགས་ཁོ་སྔོན་ཆད་གཅིག་སྟོང་དགུ་བརྒྱ་དོན་དགུ་ལོའི་དབྱི་ལིང་གི་སློབ་མས་དབྱི་ལིང་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་བཙན་བཟུང་བྱས་པའི་དོན་རྐྱེན་ལ་ཞུགས་མྱོང་བར་བཤད། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཨ་ལཱ་ཀི་ཞེ་ཡིས་ཚེས་བཅུ་གཉིས་ཉིན་ཨ་མེ་རི་ཁའི་ཆོད་དོན་དེར་ཡིད་འཐད་མིན་པའི་ཚུལ་བསྟན་པ་དང་། དབྱི་ལིང་གིས་དོན་དེའི་དབང་གིས་མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་འཐུས་མིའི་བསྐོ་འཇོག་ལ་བསྒྱུར་བཅོས་བྱེད་མི་སྲིད་པ་ནན་བཤད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག