མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-16 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཡིས་ཚེས་བཅོ་ལྔ་ཉིན་བསྟན་དོན། དབྱི་ལིང་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན་པ་དང་། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པའི་བྱེད་ཐབས་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་དབྱི་ལིང་བར་གྱི་ལོ་རྒྱུས་འབྲེལ་བར་ཤུགས་སྣོན་བྱས་ཏེ། འགལ་བ་མེད་པར་གཏོང་བའི་གོ་སྐབས་ཤིག་ཡིན་པར་འདོད་ཟེར།

ཨ་པུའུ་ཏུའུ་ལཱ་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་གཉིས་ཀྱིས་མཉམ་དུ་མགོ་འཛིན་བྱས་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་དབྱི་ལིང་གི་ཆེས་མཐོའི་འདྲེས་སྦྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཉིན་དེར་ཨ་པུའུ་ཀྲ་པུས་ནས་གྲོལ། ཨ་པུའུ་ཏུའུ་ལཱ་ཡིས་གྲོས་ཚོགས་མཇུག་བསྡུ་བའི་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཉེ་སྔོན་རི་ནེ་ཝ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་གྲོས་མོལ་བྱས་པར་དགའ་བསུ་ཞུས་པ་ཡིན་ཟེར།

ཀྲ་ལི་ཧྥུའུ་ཡིས་ནན་གྱིས་བསྟན་དོན། དབྱི་ལིང་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་ནམ་ཡང་སྤུན་གྲོགས་ཡིན་པ་དང་། དེ་ས་ཁུལ་རང་གི་འཐབ་ཇུས་གྲོགས་པོའི་འབྲེལ་བར་བསྒྱུར་བ་དང་སྔར་ལས་མཐོ་བའི་རིམ་པ་ཞིག་ཏུ་བསླེབ་པར་བྱེད་པ་ལ་གནད་དོན་ཅི་ཡང་མེད་ཟེར། ཁོས་ད་རུང་བཤད་རྒྱུར། ཕན་ཚུན་ཡིད་ཆེས་བྱེད་པ་དང་གཞི་རྒྱ་ཆེ་བའི་མཉམ་ལས་སྤེལ་བ་དེ་ས་ཁུལ་རང་ལ་མཚོན་ན་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག