མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ལི་པུ་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་བཙན་ཁྲིད་དོན་རྐྱེན་ལ་རྟོག་ཞིབ་བྱེད་དགོས་པའི་སྐུལ་མ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-16 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་ཏཱ་ཡིས་ཚེས་བཅོ་ལྔ་ཉིན་ཅོར་ཏན་གྱི་ཕའེ་ཐི་ལཱ་འཕྲིན་གཏོང་ཁང་དང་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཁོས་ལི་པུ་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་ལི་པུ་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་ཅོར་ཏན་གྱི་གཞུང་ཚབ་ཆེན་མོ་གར་ཡོད་རྩད་གཅོད་གསལ་བོ་བྱས་ཏེ་སྔ་མོ་ནས་བདེ་བླག་ངང་ཕྱིར་གཏོང་བར་སྐུལ་མ་གཏོང་དགོས་ཟེར།

ཀྲུའུ་ཏཱ་ཡིས་གསར་འགོད་པར་བཤད་རྒྱུར། ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། གདོང་ཁེབ་གཡོགས་པའི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ལི་པུ་ཡཱ་རུ་སྡོད་པའི་ཅོར་ཏན་གྱི་གཞུང་ཚབ་པ་ཨེ་ཐན་གྱི་རླངས་འཁོར་ལ་འཇབ་རྒོལ་བྱས་ཤིང་། ཁ་ལོ་བ་རྨས་རྗེས་གཞུང་ཚབ་ཆེན་མོ་བཙན་ཁྲིད་བྱས་པ་རེད། མིག་སྔར་ཁ་ལོ་བར་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པའོ་ལིའི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་ཟེར། ཀྲུའུ་ཏཱ་ཡིས་བཤད་རྒྱུར། ལི་པུ་ཡཱ་རུ་སྡོད་པའི་ཅོར་ཏན་གྱི་གཞུང་ཚབ་ཆེན་མོ་བཙན་ཁྲིད་བྱས་པའི་གནས་ཚུལ་ཤེས་རྗེས། ཅོར་ཏན་བདེ་འཇགས་སྡེ་ཁག་གིས་འགུལ་སྐྱོད་སྤེལ་བ་དང་། འབྲེལ་ཡོད་ཀྱི་དོན་རྐྱེན་ལ་རྟོག་དཔྱོད་ཞིབ་མོ་བྱེད་བཞིན་ཡོད། ཡིན་ན་ཡང་ཅོར་ཏན་གྱིས་མིག་སྔར་ད་རུང་བཙན་ཁྲིད་བྱེད་མཁན་གྱི་དྲག་ཆས་ཉེས་ཅན་ལ་འབྲེལ་གཏུག་བྱེད་ཐུབ་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག