མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-15 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས14ཉིན་སྤྱི་བསྒྲགས་སྤེལ་ཏེ། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཉིན་དེར་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་ཁ་པར་གྲོས་མོལ་བྱས་པ་དང་། ཉེ་བའི་ཉིན་གཉིས་ཀྱི་རིང་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་བྱུང་བའི་དྲག་ཤུགས་དོན་རྐྱེན་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན།

སྤྱི་བསྒྲགས་ལས་བཤད་རྒྱུར། ཨོ་ལིང་ཏི་ཡིས་ཕྱོགས་སོ་སོས་རང་ཚོད་བཟུང་སྟེ་དཀྲུག་འཕེན་བྱ་སྤྱོད་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། ཨོ་ལིང་ཏི་ཡིས་ད་རུང་བསྟན་དོན། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་གྲོགས་པོའི་རྒྱལ་ཁབ་དག་དང་མཉམ་དུ་ཨུ་རུ་སི་ལ་བཀག་སྡོམ་འཆར་གཞི་ལག་བསྟར་བྱེད་པའི་ཆོད་སེམས་ཡོད་ཟེར།

ཨོ་ལིང་ཏི་དང་ཨོ་པཱ་མཱ་ཡིས་བསྟན་དོན། ཚེས་བཅུ་བདུན་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་སྤེལ་རྒྱུ་ཡིན་པའི་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་ནས་ཝུའུ་ཁི་ལན་དང་ཨུ་རུ་སི་ཡིས་ངོ་བོ་རང་བཞིན་ལྡན་པའི་གྲོས་མོལ་བྱས་ཏེ་གནས་བབ་ཞི་འཇགས་སུ་འགྲོ་བར་རེ་བས་ཁེངས་ཡོད་ཟེར།

དེ་ལས་གཞན། ལི་ཙེམ་པོག་ཏུ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་ལ་ཞུགས་བཞིན་པའི་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི་ཡིས་ཚེས་བཅུ་བཞི་ཉིན་བསྟན་དོན། གལ་ཏེ་དགོས་མཁོ་ཡོད་ན་གཟའ་འཁོར་རྗེས་མར་མགོ་གཙོའི་གྲོས་ཚོགས་ཤིག་བསྡུས་ཏེ། ཝུའུ་ཁི་ལན་གནས་བབ་ཐད་ཀྱི་བྱེད་ཐབས་གསར་བ་ཐག་གཅོད་བྱེད་རྒྱུ་ཡིན་པ་དང་། གལ་ཏེ་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་མཇུག་སྒྲིལ་རྗེས། ཝུའུ་ཁི་ལན་གྱི་གནས་བབ་སྔར་བཞིན་ཇེ་སྡུག་ཏུ་སོང་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག