མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གནས་སྐབས་ཉོ་ཚོང་གི་གཟིགས་སྐྱོང་སྲིད་ཇུས་ལ་གྲོས་མཐུན་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-15 10:30

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས14ཡི་ཉིན་ཝུའུ་ཁི་ལན་ཕྱོགས་གཅིག་ལ་དམིགས་པའི་གནས་སྐབས་ཀྱི་ཉོ་ཚོང་གཟིགས་སྐྱོང་བྱེད་ཐབས་ལ་ཆོག་མཆན་བཀོད་པ་དང་། ད་ལོའི་ཟླ་ངོ་འགའི་རིང་ཝུའུ་ཁི་ལན་ནས་ནང་འདྲེན་བྱས་པའི་བཟོ་ལས་ཐོན་རྫས་མང་ཤོས་དང་ཞིང་ཞོར་ཐོན་རྫས་ཚང་མའི་སྒོ་ཁྲལ་ཇེ་ཉུང་དུ་གཏོང་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། སྒོ་ཁྲལ་ཇེ་ཉུང་དུ་གཏོང་བ་བའི་བྱེད་ཐབས་དེས་མིག་སྔར་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ནས་ནང་འདྲེན་སྒོ་ཁྲལ་བསྡུ་བའི་བཟོ་ལས་ཐོན་རྫས་དང་ཞིང་ཞོར་ཐོན་རྫས་བརྒྱ་ཆའི་གོ་བཞི་དང་གྲངས་ཆུང་བདུན་ལ་ཁེབས་ཡོད་པ་དང་། ལོ་གཅིག་གི་ནང་ཝུའུ་ཁི་ལན་གྱི་ཕྱི་གཏོང་ཐད་ནས་ཡོ་སྒོར་དུང་ཕྱུར་ལྔ་ཙམ་གྱི་འགྲོ་སོང་གྲོན་ཆུང་བྱེད་ཐུབ་པ་རེད།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཉོ་ཚོང་ཨུ་ཡོན་ཏི་ཀུའུ་ཧི་ཐི་ཡིས་བཤད་རྒྱུར། ཉོ་ཚོང་གི་གཟིགས་སྐྱོང་བྱེད་ཐབས་དེ་དག་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་རོགས་སྐྱོར་ཇུས་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཝུའུ་ཁི་ལན་མིག་སྔའི་དཀའ་ཁག་གི་དུས་རིམ་བརྒལ་བར་རོགས་རམ་བྱེད་པའི་ཆེད་དུ་ཡིན། དེ་བས་ཝུའུ་ཁི་ལན་གྱིས་དེའི་ལན་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་ནང་འདྲེན་སྒོ་ཁྲལ་མེད་པར་བཟོ་མི་དགོས་ཀྱང་སྒོ་ཁྲལ་སྔར་ལས་ཇེ་མཐོར་གཏོང་མི་རུང་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག