མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ལོ་ངོ་སུམ་ཅུའི་རིང་ཐོག་དང་པོར་ཁུ་པཱ་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི་ཡིས་ཚེས་བཅུ་གཉིས་ཉིན་ཧཱ་ཝ་ནཱ་ནས་ཁུ་པཱ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ལའོ་ཨར་ཁཱ་སི་ཐི་ལོ་དང་གྲོས་མོལ་བྱས། དེ་ནི་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ལོ་ངོ་སུམ་ཅུའི་རིང་ཐོག་དང་པོར་ཁུ་པཱ་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་པ་རེད།

ཁུ་པཱའི་དཔོན་ཕྱོགས་ཀྱིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཁཱ་སི་ཐི་ལོ་ཡིས་ཧྥ་པུས་ཡུག་སི་དང་མཉམ་དུ་ཁུ་པཱ་དང་ཧྥ་རན་སི་ཕྱོགས་གཉིས་ཀྱི་འབྲེལ་བར་སྔར་ལས་ཤུགས་སྣོན་བྱེད་པའི་གནད་དོན་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས་པ་དང་། ཕྱོགས་གཉིས་ཀྱིས་ད་རུང་རྒྱལ་སྤྱིའི་གྲོས་གཞི་རེ་འགའི་ཐད་ནས་གྲོས་བསྡུར་བྱས།

ཧྥ་པུས་ཡུག་སི་ཡིས་ཧྥ་རན་སིའི་ཁེ་ལས་མང་བོས་ཁུ་པཱ་རུ་མ་དངུལ་བཏང་སྟེ་ལས་གཞི་སྤེལ་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་མུ་མཐུད་དུ་ཞིང་ལས་དང་ནུས་ཁུངས། སློབ་གསོ། རིག་གནས། གནས་སྐོར་སོགས་ཐད་ཀྱི་མཉམ་ལས་ལ་ཡར་སྐུལ་བྱེད་དགོས་ཟེར། ཁཱ་སི་ཐི་ལོ་དང་གྲོས་མོལ་མ་བྱས་གོང་ཧྥ་པུས་ཡུག་སི་ཡིས་ད་རུང་ཁུ་པཱ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་དང་གྲོས་མོལ་བྱས།

ཧྥ་པུས་ཡུག་སི་ཡིས་ཁུ་པཱ་རུ་འཚམས་འདྲི་བྱེད་པའི་དུས་དེ་ཏག་ཏག་ཡོ་རོབ་གླིང་མནའ་འབྲེལ་དང་ཁུ་པཱ་ཡི་འབྲེལ་བ་སྔར་ལས་ལེགས་བཅོས་ཐོབ་པའི་སྐབས་སུ་འཁེལ་ཡོད། ད་ལོའི་ཟླ་གཉིས་པར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁུ་པཱ་བར་གྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ཇེ་ཟབ་ཏུ་གཏོང་བར་གྲོས་བསྡུར་བྱེད་པ་དང་། འགྲོ་མིའི་ཐོབ་ཐང་གི་གྲོས་མོལ་བྱེད་པར་འཐད་པ་བྱུང་ཡོད་ལ། འབྲེལ་ཡོད་ཀྱི་གྲོས་མོལ་དེ་ཟླ་འདིའི་ཟླ་མཇུག་ལ་ཧཱ་ཝ་ནཱ་ནས་སྤེལ་བར་ཐག་བཅད་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག