མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧཱ་མཱ་སི་དང་ཧྥ་ཐཱ་ཧི་ཡིས་གྲོས་མོལ་བྱས་ཏེ་ནང་ཁུལ་གྱི་འགྲིག་མཐུན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡི་མཐོ་རིམ་མགོ་ཁྲིད་པ་ཧཱ་ནེ་ཡཱ་ཡིས་ཚེས་བཅུ་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་རྩ་འཛུགས་ཧྥ་ཐཱ་ཧི་ཡི་འཐུས་ཚབ་ཚོགས་པས་གཟའ་འཁོར་རྗེས་མར་ཅཱ་ཧྲ་ས་ཁུལ་དུ་འཚམས་འདྲི་བྱས་ཏེ། ཕཱ་ལེ་སི་ཐན་ནང་ཁུལ་གྱི་འགྲིག་མཐུན་གནད་དོན་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

ཧཱ་ནེ་ཡཱ་ཡིས་ཉིན་དེར་གསལ་སྒྲོག་ཐུང་ངུ་ཞིག་ལས་བཤད་རྒྱུར། ཁོས་ཉིན་དེར་ཧྥ་ཐཱ་ཧིའི་འགྲིག་མཐུན་ལས་དོན་གྱི་འགན་ཁུར་བའི་དཔོན་པོ་ཨེ་ཧཱ་མེད་ཏི་ཁ་པར་བཏང་སྟེ། ཧྥ་ཐཱ་ཧི་ཡི་འཐུས་ཚབ་ཚོགས་པ་གཟའ་འཁོར་རྗེས་མར་ཅཱ་ཧྲ་ས་ཁུལ་དུ་ཡོང་ནས་ནང་ཁུལ་གྱི་འགྲིག་མཐུན་གནད་དོན་ལ་གྲོས་བསྡུར་བྱེད་པར་བཀོད་སྒྲིག་བྱས་ཟེར། ཧྥ་ཐཱ་ཧི་ཡི་འཐུས་ཚབ་ཚོགས་པའི་ཁོངས་མི། ཕཱ་ལེ་སི་ཐན་ཁྲིམས་འཛུགས་ཨུ་ཡོན་པཱ་ཨར་ཀུའུ་ཐིས་ཀྱིས་གསར་འགོད་པར་བཤད་རྒྱུར། ཧྥ་ཐཱ་ཧི་ཡི་འཐུས་ཚབ་ཚོགས་པས་ཐེངས་འདིར་ཅཱ་ཧྲ་ས་ཁུལ་དུ་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་མཉམ་འབྲེལ་སྲིད་གཞུང་འཛུགས་པ་དང་འདེམ་བསྐོའི་དུས་ཚོད་ཐག་གཅོད་བྱེད་པའི་ཐད་ནས་ཧཱ་མཱ་སི་དང་གྲོས་མོལ་བྱེད་པའི་ཆེད་དུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག