མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སིང་ག་ལཱའི་ཙུང་ཐུང་གིས་མི་རིགས་སོ་སོས་མཐུན་སྒྲིལ་བྱས་ཏེ་རྒྱལ་ཁབ་མགྱོགས་ཤིང་མྱུར་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ལཱའི་ཙུན་ཅཱ་ལོ་དང་ཐེ་མུས་ཨར་གྱི་སྲོལ་རྒྱུན་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། སིང་ག་ལཱའི་ཙུང་ཐུང་ལཱ་ཅཱ་ཕཱ་ཁི་སཱ་ཡིས་ལོ་སར་གྱི་གཏམ་བཤད་སྤེལ་ཏེ། འདས་པའི་ལོ་གཅིག་གི་ནང་སིང་ག་ལཱ་རྒྱལ་ཁབ་ཀྱིས་ཞིང་ལས་འཕེལ་རྒྱས་དང་ཁྱབ་ཁོངས་གཞན་པ་ནས་བླངས་པའི་གྲུབ་འབྲས་ཐད་ནས་གཟེངས་བསྟོད་བྱས་པར་མ་ཟད། མི་རིགས་སོ་སོས་མཐུན་སྒྲིལ་བྱས་ཏེ་སིང་ག་ལཱ་མགྱོགས་ཤིང་མྱུར་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ལཱ་ཅཱ་ཕཱ་ཁི་སཱ་ཡིས་བཤད་རྒྱུར། རྒྱལ་ཁབ་ཀྱིས་རང་ཁ་རང་གསོ་བྱེད་པ་མངོན་འགྱུར་བྱུང་བའི་གྲུབ་འབྲས་ཁྲོད་ནས་སིང་ག་ལཱའི་མི་དམངས་ཀྱིས་སྲོལ་རྒྱུན་ལོ་སར་བསུས་ཡོང་། དེ་བས་དུས་ཆེན་དེར་རིན་ཐང་ཆེན་པོ་ལྡན་ཞིང་། མི་དམངས་ཀྱི་ཁྱིམ་ཚང་དང་སྡེ་བ། གྲོང་ཁྱེར། རྒྱལ་ཁབ་ཡོངས་ཀྱི་རྒྱུས་ལོན་དང་གོང་བུར་སྒྲིལ་ཤུགས་ཇེ་ཆེར་འགྲོ་སྲིད། གཅིག་གྱུར་གྱི་སིང་ག་ལཱ་ལ་དགའ་ཞེན་བྱེད་པར་འགྲིག་མཐུན་འབྱུང་བ་དེ་སིང་ག་ལཱའི་མི་ཚང་མའི་སེམས་ཀྱི་འགྱུར་བ་མེད་པའི་འདུ་ཤེས་ཤིག་ཏུ་ཆགས་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག