མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་དངུལ་ལོར་དང་དངུལ་རྩའི་ཨུ་ཡོན་ལྷན་ཁང་གིས་གྲུབ་ཚུལ་བཅོས་བསྒྱུར་ལ་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ཐབས་ཇུས་ལས་ཁུངས་ཏེ་རྒྱལ་སྤྱིའི་དངུལ་ལོར་དང་དངུལ་རྩའི་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་གཉིས་ཉིན་རྒྱལ་ཁབ་སོ་སོས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་བྱུང་ཡོད་ཀྱང་སྟོབས་ཤུགས་སྔར་བཞིན་ཞན་པའི་གནས་ཚུལ་འོག གྲུབ་ཚུལ་བཅོས་བསྒྱུར་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་དཔལ་འབྱོར་འཕར་སྣོན་འབྱུང་བ་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།

རྒྱལ་སྤྱིའི་དངུལ་ལོར་དང་དངུལ་རྩའི་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་ཉེར་དགུ་བ་ཚེས་བཅུ་གཉིས་ཉིན་ཝ་ཧྲིན་ཏོན་ནས་བསྡུས་པ་དང་། གྲོས་ཚོགས་གྲོལ་རྗེས་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་འབྱུང་བའི་རྣམ་པ་མུ་མཐུད་དུ་ཇེ་དྲག་ཏུ་སོང་ཡང་། སླར་གསོའི་སྟོབས་ཤུགས་སྔར་བཞིན་ཞན་པས་ཉམས་རྒུད་དུ་འགྲོ་བའི་ཉེན་ཁ་སྔར་བཞིན་ཆེ། གསོན་ཤུགས་ལྡན་ཞིང་རྒྱུན་མཐུད་དང་དོ་མཉམ་པའི་ལས་ཞུགས་ལ་ཕན་པའི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གསར་སྐྲུན་བྱེད་པ་ནི་སྔར་བཞིན་ཆེས་གལ་ཆེ་བའི་ཐུན་མོང་དམིགས་འབེན་ཡིན་ཟེར།

ཨུ་ཡོན་ལྷན་ཁང་དེའི་ཀྲུའུ་ཞི། སིང་ག་ཕོར་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཧྲང་ཏཱ་མན་གྱིས་གྲོས་ཚོགས་གྲོལ་རྗེས་གསར་འགོད་པར་བཤད་རྒྱུར། ད་ལྟའི་དུས་རིམ་ནང་སྲིད་ཇུས་གསར་བ་བཏོན་ནས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་འབྱུང་བའི་དུས་རིམ་གསར་བའི་དགོས་མཁོ་བསྐང་དགོས་པས། སྔར་ལས་ལྷག་པའི་སྒོ་ནས་དུས་ཡུན་འབྲིང་གི་དཔལ་འབྱོར་འཕེལ་སྟངས་ལ་ཤུགས་སྣོན་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་གྲུབ་ཚུལ་བཅོས་བསྒྱུར་ལ་དོ་སྣང་བྱེད་དགོས་ཟེར།

ཧྲང་ཏཱ་མན་གྱིས་བཤད་རྒྱུར། ཚོགས་ཞུགས་མི་སྣ་དག་གིས་ད་རུང་དངུལ་ལོར་བརྟན་འཇགས་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། དངུལ་ལོར་ཉམས་ཉེན་ལས་བྱུང་གནད་དོན་མང་བ་དང་ཉེན་ཁ་གསར་བ་ཡང་བསྐྱར་འབྱུང་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག