མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་ཡིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཞི་བས་ཐག་གཅོད་བྱེད་པའི་ཇུས་གཞི་ཞིག་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི་ཡིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཉེ་བའི་ཉིན་གཉིས་ཀྱི་ནང་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་བྱུང་བའི་དྲག་ཤུགས་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་པ་དང་། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཕྱོགས་ཁག་སོ་སོས་རང་ཚོད་བཟུང་ཞིང་གྲོས་མོལ་བྱས་ཏེ། མྱུར་དུ་ཞི་བའི་ཐག་གཅོད་ཇུས་གཞི་ཞིག་འཚོལ་ཞིབ་བྱས་ནས་ཕྱོགས་སོ་སོས་གནས་བབ་ཞི་འཇགས་སུ་གཏོང་བར་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཧྥ་པུས་ཡུག་སི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ལ་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཚེས་བཅུ་གསུམ་ཉིན་ཁོ་དང་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་བཅས་ཀྱིས་ས་ཁུལ་དེའི་གནས་བབ་ཀྱི་འཕེལ་རྒྱས་ལ་གྲོས་བསྡུར་བྱས་པ་དང་། ཁོས་ད་རུང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་དང་ཝུའུ་ཁི་ལན་གྱི་ཙུང་ལི་གཉིས་དང་མཉམ་དུ་གནད་དོན་དེའི་ཐད་ནས་བརྗེ་རེས་བྱེད་རྒྱུ་ཡིན་ཟེར། ཁོ་ཚེས་བཅུ་བཞི་ཉིན་ལི་ཙེམ་པོག་ཏུ་སོང་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་གྱི་གནས་བབ་ཇེ་སྡུག་ཏུ་འགྲོ་བའི་གནས་ཚུལ་འོག་ཡོ་རོབ་གླིང་མནའ་འབྲེལ་གྱིས་བྱེད་ཐབས་ག་འདྲ་སྤྱོད་དགོས་པ་ཐག་གཅོད་བྱེད་རྒྱུ་རེད།

ཝུའུ་ཁི་ལན་གྱི་ནང་སྲིད་པུའུ་ཀྲང་ཨ་ཝ་ཁི་ཧྥུའུ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཏོན་ནེ་ཚི་ཁི་ཀྲིག་གི་སི་ལཱ་ཝེ་དབྱང་སི་ཁི་གྲོང་ཁྱེར་ནས་སྤེལ་བའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད། ཝུའུ་ཁི་ལན་བདེ་འཇགས་ཅུའུ་ཡི་དམག་དཔོན་ཞིག་རྐྱེན་ལམ་དུ་ཤོར་བ་དང་། བདེ་འཇགས་ཅུའུ་དེའི་འཇིགས་སྐུལ་ངོ་རྒོལ་ལྟེ་གནས་ཀྱི་འགན་ཁུར་བ་དང་ཉེན་རྟོག་པ་བཞི་ལ་རྨས་ཕོག ཁ་བྲལ་ཉེས་ཅན་ལའང་ཤི་རྨས་ཐེབས་ཡོད་ཟེར།  །

 

 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག