མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་གྱི་དུས་ཚོད་གཏན་འཁེལ་མ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 09:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁཱ་ཧྲི་ཝེ་ཆི་ཡིས་ཚེས12ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་གྱི་གྲ་སྒྲིག་བྱ་བ་སྤེལ་མ་ཐུབ་པ་དང་། གྲོས་མོལ་གྱི་གྲོས་རིམ་དང་གྲོས་མོལ་གྱི་རྣམ་པ་སོགས་ཀྱི་ཐད་ལྟ་ཚུལ་གཅིག་གྱུར་བྱུང་མེད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་སཱ་ཅི་ཡིས་ཚེས11ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་ཨུ་རུ་སི། ཝུའུ་ཁི་ལན། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་ཟླ་འདིའི་ཚེས་བཅུ་བདུན་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་ཝུའུ་ཁི་ལན་གྱི་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་སྤེལ་རྒྱུ་ཡིན་ཟེར། མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་དོན་གཅོད་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་ཚེས་བཅུ་བདུན་ཉིན་སྤེལ་རྒྱུ་ཡིན་པའི་རི་ནེ་ཝའི་ཝུའུ་ཁི་ལན་གྱི་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་ལ་ཞུགས་རྒྱུ་ཡིན་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཚེས12ཉིན་དཔྱད་བརྗོད་སྤེལ་ཏེ། ལུའུ་ཁཱ་ཧྲི་ཝེ་ཆི་ཡིས་དཔྱད་བརྗོད་ནང་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གིས་སྤེལ་བའི་གྲོས་མོལ་བྱེད་པར་ཐག་བཅད་པའི་གསལ་སྒྲོག་སྤེལ་བར་ཧ་ལས་པའི་ཚུལ་བསྟན་པ་དང་། ལྟ་ཚུལ་མི་འདྲ་བ་འབྱུང་བར་སྔོན་འགོག་བྱེད་ཆེད་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་གྱི་གྲ་སྒྲིག་བྱ་བ་སྤེལ་བཞིན་ཡོད་ལ། ད་ལྟ་གྲོས་མོལ་གྱི་འཕེལ་རིམ་དང་རྣམ་པ་གང་ཡིན་ཡང་ལྟ་ཚུལ་གཅིག་གྱུར་མེད་པ་བསྐྱར་སྒྲོག་བྱས་ཡོད་ཟེར།

ལུའུ་ཁཱ་ཧྲི་ཝེ་ཆི་ཡིས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁའི་ཕྱོགས་ཀྱིས་གྲོས་མོལ་གྱི་དུས་ཚོད་དང་ས་གནས། དེ་མིན་ཝུའུ་ཁི་ལན་དང་ཉེ་འཁོར་ས་ཁུལ་གྱི་གནས་བབ་སོགས་ལ་གྲོས་བསྡུར་བྱེད་པ་སོགས་ཐད་ཀྱི་རེ་འདོན་བསྟན་ན། ང་ཚོས་ཐད་ཀར་དུ་གྲོས་མོལ་གྱི་གྲུབ་འབྲས་ཁྱབ་སྒྲོག་བྱས་ཆོག་ཟེར།

ལུའུ་ཁཱ་ཧྲི་ཝེ་ཆི་ཡིས་བསྟན་དོན། མིག་སྔར་གཙོ་གནད་ཇི་ལྟར་ཅི་ཧྥུའུ་ཡི་ད་ལྟའི་སྲིད་དབང་གིས་ཝུའུ་ཁི་ལན་གྱི་ཆབ་སྲིད་སྟོབས་ཤུགས་གཙོ་བ་དང་ས་ཁུལ་ཚང་མ་བསྡུ་ལེན་བྱས་ཏེ། ཝུའུ་ཁི་ལན་གྱི་ཉམས་ཉེན་ཚབས་ཆེན་མེད་པར་བཟོ་བའི་ཐབས་ལམ་ནང་ཞུགས་རྒྱུ་དེ་ཡིན། ཕྱོགས་བཞིའི་གྲོས་མོལ་ཐད་ནས་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཟླ་བཞི་བའི་ཚེས་བཅུ་བཞིའི་ཉིན་ཨ་མེ་རི་ཁའི་ཨུ་རུ་སི་དང་གྲོས་མོལ་བྱེད་པའི་གྲོས་གཞིའི་ཐད་ཀྱི་ལན་འབྱོར་བར་རེ་སྒུག་བྱས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག