མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ནས་དྲག་ཤུགས་འཇབ་རྒོལ་དང་དྲག་ཆས་འཁྲུག་རྩོད་ཐེངས་མང་བྱུང་སྟེ་མི་དོན་ལྔར་ཤི་རྨས་ཐེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 09:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་དང་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། དབྱི་རག་ནས་ཉིན་དེར་དྲག་ཤུགས་འཇབ་རྒོལ་དང་དྲག་ཆས་འཁྲུག་རྩོད་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་སུམ་ཅུ་རྐྱེན་ལམ་དུ་ཤོར་བ་དང་མི་ཞེ་ལྔ་ལ་རྨས་ཕོག་ཟེར།

དབྱི་རག་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ལཱ་མཱ་ཏིས་དང་གྲོང་ཁྱེར་གཙོ་བོ་ཧྥེ་ལུའུ་ཅེ་ནས། དབྱི་རག་གི་བདེ་འཇགས་དམག་དཔུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མི་སྣའི་བར་འཁྲུག་རྩོད་བྱུང་སྟེ། བསྡོམས་པས་བདེ་འཇགས་མི་སྣ་དང་བཅས་པའི་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གཉིས་ལ་རྨས་ཕོག དེ་ལས་གཞན་བདེ་འཇགས་དམག་དཔུང་གིས་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་ཀྱི་ཁོངས་མི་ཡིན་པར་དོགས་པའི་མི་བརྒྱད་བསད་ཟེར།

བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་ནས། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣས་སོ་སོར་ཐིས་ཁི་ལི་ཐི་དང་སཱ་མེད་ལཱ་ནས་དབྱི་རག་གི་བདེ་འཇགས་དམག་དཔུང་ལ་འཇབ་རྒོལ་བྱས་ཏེ། བདེ་འཇགས་དམག་དཔུང་གི་མི་སྣ་དགུ་རྐྱེན་ལམ་དུ་ཤོར། ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་པཱ་ཀུའུ་པེད་ཉེ་འདབས་ཀྱི་སྡོད་དམངས་འདུས་ཁུལ་ཞིག་ཏུ་འགས་གཏོར་དོན་རྐྱེན་བྱུང་སྟེ། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་དགུ་ལ་རྨས་ཕོག

དེ་ལས་གཞན་རྒྱལ་ས་པཱ་ཀི་ཏཱ་སོགས་ས་ཁུལ་ནས་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། བསྡོམས་པས་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་བཞི་ལ་རྨས་ཕོག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག