མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཀེན་ཐིང་གི་བཟོ་ཚོགས་ཀྱིས་ལས་མཚམས་བཞག་སྟེ་ དངུལ་ལོར་འགྲེམ་ཐལ་ཤོར་བ་དང་གནས་བབ་ཛེ་སྡུག་ཏུ་འགྲོ་བར་ཁ་གཏད་གཅོག་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 09:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་དྲ་སྦྲེལ་ཐོག་སྤེལ་བའི་གནསཚུལ། ཨ་ཀེན་ཐིང་གི་བཟོ་ཚོགས་ཀྱི་རྩ་འཛུགས་གཙོ་བོསཚེས10ཉིན་གྱི་ཆུ་ཚོད24རིང་རྒྱལ་ཡོངས་རང་བཞིན་གྱི་ལས་མཚམས་བཞག་ནས་སྲིད་གཞུང་ནས་ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་དངུལ་ལོར་འགྲེམ་ཐལ་དང་བདེ་འཇགས་ཛེ་སྡུག་ཏུ་འགྲོ་བ་སོགས་ཀྱི་གནད་དོན་ལ་ཁ་གཏད་གཅོག་དགོས་པའི་གནོན་ཤུགས་སྤྲད་ཡོད་པ་རེད།

ལས་མཚམས་འཇོག་རྒྱུ་སྒྲིག་འཛུགས་བྱེད་མཁན་གཙོ་བོས་མཚམས་སྦྱོར་ལས་རིགས་ལ་རྒྱལ་ཡོངས་ཀྱི་ལས་མཚམས་འཇོག་པའི་དམིགས་ཡུལ་གཙོ་བོ་ནི་སྲིད་གཞུང་ནས་བྱ་ཐབས་བཟུང་སྟེ་དངུལ་ལོར་འགྲེམ་ཐལ་ཤོར་ཚུལ་དང་བདེ་འཇགས་ཀྱི་གནས་བབ་ཉིན་བཞིན་ཛེ་སྡུག་ཏུ་འགྲོ་བ་བཀག་འགོག་བྱེད་དགོས་པ་དེ་ཡིན་ཞེས་བཤད་ཡོད་པ་རེད།

ཨ་ཀེན་ཐིང་གི་དམངས་ཁྲོད་ལས་ཁུངས་ཤིག་གིས་བསྡོམས་བརྩིས་བྱས་པར་གཞིགས་ན། ན་ནིང་ཨ་ཀེན་ཐིང་གི་དངུལ་ལོར་འགྲེམ་ཐལ་ཤོར་ཚད་བརྒྱ་ཆ་28.3ཟིན་ནས་མང་ཚོགས་ཀྱི་དངོས་སུ་ཉོ་སྒྲུབ་བྱེད་ནུས་ཧ་ཅང་ཉམས་ཞན་ཕྱིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག