མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པས་ཟླ་འདིའི་ཚེས་ཉེར་གཉིས་ཉིན་ཝུའུ་ཁི་ལན་དུ་འཚམས་འདྲི་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 09:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས12ཉིན་གསལ་སྒྲོག་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཟླ་འདིའི་་ཚེས་ཉེར་གཉིས་ཉིན་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་རུ་འཚམས་འདྲི་བྱེད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། པེད་ཏིན་གྱིས་ཝུའུ་ཁི་ལན་གྱི་དཔོན་རིགས་དང་མཉམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་བེད་སྤྱད་དེ་ཝུའུ་ཁི་ལན་གྱི་དཔལ་འབྱོར་བརྟན་འཇགས་ལ་སྲུང་སྐྱོབ་ཇི་ལྟར་བྱེད་པར་གྲོས་བསྡུར་བྱེད་རྒྱུ་མ་ཟད། ཕྱོགས་གཉིས་ཀྱིས་ད་རུང་ཝུའུ་ཁི་ལན་གྱི་རྩ་ཁྲིམས་བཅོས་བསྒྱུར་དང་ཟླ་ལྔ་བར་སྤེལ་བའི་འདེམ་བསྐོ་ཆེན་མོ་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་བཤད་རྒྱུར། པེད་ཏིན་གྱི་ཐེངས་འདིའི་འཚམས་འདྲི་ལས་ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་པ་མཚོན་ཡོད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། པེད་ཏིན་གྱིས་འཚམས་འདྲི་བྱེད་སྐབས་ཝུའུ་ཁི་ལན་གྱི་དཔོན་རིགས་དང་མཉམ་དུ་ཝུའུ་ཁི་ལན་གྱི་ནུས་ཁུངས་བདེ་འཇགས་དང་རྒྱལ་ཁབ་དེའི་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག