མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སུའི་མཚོ་ནག་པོའི་དམག་གྲུ་རུ་ཁག་དང་བྱང་ཕྱོགས་དམག་གྲུ་རུ་ཁག་གི་དམག་གྲུ་ཆེན་པོ་གསུམ་ཏིས་ཀྲུང་རྒྱ་མཚོར་ནང་སྦྱོང་དུ་སྐྱོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-14 09:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་མཚོ་ནག་པོའི་དམག་གྲུ་རུ་ཁག་དང་བྱང་ཕྱོགས་དམག་གྲུ་རུ་ཁག་གི་དམག་གྲུ་ཆེན་པོ་གསུམ་ཨེ་ཆིང་རྒྱ་མཚོར་མཉམ་དུ་འཛོམས་རྗེས་ཏིས་ཀྲུང་རྒྱ་མཚོའི་མཚོ་ཁོངས་སུ་དམག་དོན་ནང་སྦྱོང་བྱེད་པར་སྐྱོད་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དམག་གྲུ་དེ་དག་གསུམ་གྱི་ནང་། ཨུ་རུ་སུའི་བྱང་ཕྱོགས་དམག་གྲུ་རུ་ཁག་གི་ལེ་ཧྥུའུ་ཆིང་ཁེའི་མཚོ་དམག་ཧྲང་ཅང་རྟགས་ཅན་གྱི་ཆུ་འཛུལ་འགོག་པའི་དམག་གྲུ་ཆེན་མོ་དང་ཨུ་རུ་སུའི་མཚོ་ནག་པོའི་དམག་གྲུ་རུ་ཁག་གི་ས་ལ་ཐོ་ཧྥུའུ་རྟགས་ཅན། ཡ་མར་རྟགས་ཅན་གྱི་སྐམ་འཛུལ་དམག་གྲུ་བཅས་ཀྱིས་སླད་ཉིན་ཤས་ནང་འཕུར་མདེལ་འགོག་རྒྱུ་དང་འཚོལ་སྐྱོབ། འཆི་ཁ་ཐར་ཐབས་བྱེད་རྒྱུ་སོགས་ཀྱི་ནང་དོན་ཚུད་པའི་མཉམ་འབྲེལ་ནང་སྦྱོང་བྱེད་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག