མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པཱ་ལོ་ཙོ་ཡིས་ཕུའུ་ཐའོ་ཡཱ་ཡིས་དཔལ་འབྱོར་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱེད་དགོས་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-12 10:39

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་ཡིས་ཚེས11ཉིན་ཕུའུ་ཐའོ་ཡཱའི་རྒྱལ་ས་ལི་སི་པིན་ནས་བཤད་རྒྱུར། ཕུའུ་ཐའོ་ཡཱ་རྒྱལ་ཁབ་ད་ལྟ་རིམ་བཞིན་དཔལ་འབྱོར་ཉམས་ཉེན་ལས་ཐར་བ་དང་། མ་འོངས་པར་དཔལ་འབྱོར་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱེད་རྒྱུ་གལ་འགངས་ཧ་ཅང་ཆེ་ཟེར།

པཱ་ལོ་ཙོ་ཡིས་ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་གྱིས་གཙོ་སྒྲུབ་བྱས་པའི་ཕུའུ་ཐའོ་ཡཱའི་དཔལ་འབྱོར་འཕར་སྣོན་དང་ལས་ཞུགས་ཀྱི་གནས་ཚུལ་ཞེས་པ་བརྗོད་སྙིང་ཡིན་པའི་ཞིབ་བསྡུར་ཚོགས་འདུའི་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཕུའུ་ཐའོ་ཡཱ་དང་མཉམ་དུ་མ་འོངས་པའི་ཕུའུ་ཐའོ་ཡཱའི་དཔལ་འབྱོར་འཕེལ་རྒྱས་ཁ་ཕྱོགས་འཚོལ་ཞིབ་བྱེད་འདོད་ཡོད་པ་དང་། ལས་ཤོར་གྱི་ཚད་ཇེ་དམའ་རུ་གཏོང་བ་དང་ཁྱད་པར་དུ་ན་གཞོན་གྱི་ལས་ཤོར་ཚད་ཇེ་དམའ་རུ་གཏོང་བ་ནི་ཕུའུ་ཐའོ་ཡཱ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་མདུན་དུ་ལྷགས་པའི་ལས་འགན་གཙོ་བོ་ཞིག་ཡིན་ཟེར། ཁོས་ཕུའུ་ཐའོ་ཡཱ་སྲིད་གཞུང་གིས་དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་སྟེ་དཔལ་འབྱོར་ལ་ཡར་སྐུལ་བྱས་ནས་ལས་གནས་སྔར་ལས་མང་བོ་གསར་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕུའུ་ཐའོ་ཡཱའི་ཙུང་ཐུང་ཞེ་ཨར་ཝ་ཡིས་བཤད་རྒྱུར། ནོར་སྲིད་བརྟན་འཇགས་ཡོང་བ་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འགན་སྲུང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་ལས་མཇུག་མཐའི་དམིགས་ཡུལ་མིན། མིག་སྔར་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བ་ནི་ཕུའུ་ཐའོ་ཡཱའི་སྲིད་གཞུང་གི་དམིགས་འབེན་གཙོ་བོ་ཡིན་ཞིང་། ཕུའུ་ཐའོ་ཡཱ་ཡིས་དངུལ་གཏོང་ཇེ་མང་དུ་བཏང་སྟེ་དཔལ་འབྱོར་བརྟན་འཇགས་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱེད་དགོས་པར་མ་ཟད། ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས་ཟེར།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཐཱ་ཅཱ་ནེ་དང་ཕུའུ་ཐའོ་ཡཱའི་དཔལ་འབྱོར་པུའུ་ཀྲང་ཏི་ལེ་མཱ་སོགས་དཔོན་རིགས་ཉི་ཤུ་ལྷག་དང་དཔལ་འབྱོར་ཆེད་མཁས་པ་བཅུ་ཕྲག་འགའ་ཐེངས་འདིའི་ཞིབ་བསྡུར་ཚོགས་འདུར་ཞུགས་པ་དང་། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་མ་འོངས་པའི་ལོ་ངོ་འགའི་ཕུའུ་ཐའོ་ཡཱ་བཟོ་ལས་དང་རིག་གནས། སློབ་གསོ། ཚན་རྩལ་གསར་སྐྲུན། རྒྱལ་ཁབ་ཀྱི་འགྲན་རྩོད་ནུས་ཤུགས་ཇེ་མཐོར་གཏོང་བ་སོགས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཐད་གྲོས་བསྡུར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག