མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་གནོན་ཤུགས་བྱིན་ནས་ཝུའུ་ཁི་ལན་གྱིས་ཤར་ལྷོའི་ས་ཁུལ་དུ་དྲག་ཤུགས་སྤྱོད་པར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-12 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས11ཉིན་ཨ་མེ་རི་ཁས་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ལ་གནོན་ཤུགས་བྱིན་ནས་ཝུའུ་ཁི་ལན་གྱིས་ཤར་ལྷོའི་ས་ཁུལ་དུ་དྲག་ཤུགས་བྱ་སྤྱོད་སྤེལ་བར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་སྤྱི་སྒྲོག་ལས་བཤད་རྒྱུར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ལ་ཁ་པར་གཏོང་སྐབས། ཨ་མེ་རི་ཁའི་ཕྱོགས་ཀྱིས་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་བདེ་འཇགས་མིན་པའི་གནས་བབ་ལ་དོ་སྣང་བྱེད་དགོས་པའི་གྲོས་གཞི་བཏོན། ཁོས་ཨ་མེ་རི་ཁའི་ཕྱོགས་ཀྱིས་རང་སྟེང་གི་ཝུའུ་ཁི་ལན་གྱི་ཤུགས་རྐྱེན་ལ་བརྟེན་ནས་ཝུའུ་ཁི་ལན་གྱིས་དྲག་ཤུགས་སྤྱོད་པར་བཀག་འགོག་བྱེད་དགོས་པ་དང་། ས་ཁུལ་གྱི་འཐུས་མི་དང་གྲོས་མོལ་བྱས་ཏེ་རྩ་ཁྲིམས་ཕྱོགས་ཡོངས་ནས་བཅོས་བསྒྱུར་བྱེད་པར་ཆ་རྐྱེན་བསྐྲུན་དགོས་པའི་སྐུལ་མ་བཏང་། ཁི་ལི་ཡིས་ལཱ་ཧྥུའུ་ལོ་ཧྥུའུ་ལ་ཁག་ཐེག་བྱས་དོན། ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་གནས་བབ་སླར་གསོ་བྱེད་པའི་ཐད་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

སྤྱི་སྒྲོག་ལས་ཐེངས་འདིའི་ཁ་པར་གྲོས་མོལ་ནི་ཨུ་རུ་སིའི་ཕྱོགས་ཀྱིས་གྲོས་གཞི་བཏོན་པ་ལྟར་སྤེལ་བ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག