མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གྱི་གཞུང་ཚབ་ཆེན་མོར་ཨུ་རུ་སིའི་བར་གྱི་འབྲེལ་བ་མཚམས་འཇོག་རྒྱུའི་མཛུབ་སྟོན་འབྱོར་ཡོད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-12 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རི་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས11ཉིན་བསྟན་དོན། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་གཞུང་ཚབ་ཆེན་མོར་ཨུ་རུ་སིའི་བར་གྱི་འབྲེལ་བ་མཚམས་འཇོག་པའི་མཛུབ་སྟོན་གྲོས་གཞི་འབྱོར་ཡོད་པ་ཨུ་རུ་སི་ཡིས་ཤེས་ཡོད་ཟེར།

ཁོས་ཧྥོ་ལཱ་ཅི་མུས་ཨར་སོ་ལོ་ཝེ་ཡོ་ཧྥུའུ་ཡི་གཟའ་ཉི་མའི་དགོང་མོའི་ལེ་ཚན་ཁྲོད་བཤད་རྒྱུར། འཛམ་གླིང་ཡོངས་ཀྱིས་ཕོ་ཉ་མངག་གཏོང་བྱས་པ་དང་། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་གཞུང་ཚབ་ཆེན་མོས་ཨུ་རུ་སིའི་བར་གྱི་རྒྱུན་ཉིན་གྱི་རྒྱུན་ལྡན་འབྲེལ་འདྲིས་མཚམས་འཇོག་དགོས་པའི་སྐུལ་མ་བཏང་ཡོད་པ་ང་ཚོས་ཤེས་ཡོད་ཟེར།

ཁོས་བསྟན་དོན། རྒྱལ་སྤྱིའི་འབྲེལ་བ་དེ་ཕན་ཚུན་ལ་རྒྱབ་བརྟེན་བྱེད་པའི་རྨང་གཞིའི་སྟེང་བཙུགས་པ་ཡིན་པས་རང་ཉིད་ཀྱིས་རྣམ་འགྱུར་ཅི་འདྲ་བསྟན་ན་ལན་ཡང་དེ་འདྲ་འབྱུང་སྲིད་པ་ང་ཚོས་གསལ་བོར་ཤེས་དགོས། ང་ཚོས་མི་སུ་ལའང་འཁོན་ལན་སློག་མི་སྲིད་པ་དང་སྡུག་ལ་སྦྱོར་མི་སྲིད། ང་ཚོས་བྱུང་ཟིན་པའི་གནས་ཚུལ་དེ་རིགས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་སྲིད་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག