མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོ་དང་ཨ་མེ་རི་ཁས་གཞི་རྒྱ་ཆེ་བའི་མཁའ་དམག་གི་འཐབ་འཛིང་མཉམ་འབྲེལ་སྦྱོང་བརྡར་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-12 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོ་དང་ཨ་མེ་རི་ཁའི་མཁའ་དམག་གིས་ཚེས11ཉིན་ནས་བཟུང་ཧན་གོའི་བར་སྣང་ནས་གཞི་རྒྱ་ཆེ་བའི་འཐབ་འཁྲུག་སྦྱོང་བརྡར་བྱ་འགུལ་སྤེལ་བ་དང་། དམག་དོན་སྦྱོང་བརྡར་བྱ་འགུལ་དེ་ཚེས་ཉེར་ལྔ་ཉིན་བར་སྤེལ་རྒྱུ་རེད།

ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་ཚེས11ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་བསྡོམས་པས་གནམ་གྲུ་བརྒྱ་དང་གསུམ་དང་དམག་མི་སྟོང་གཅིག་དང་བཞི་བརྒྱ་ཙམ་ཐེངས་འདིའི་ཚད་བརྒལ་འབྲུག་སྒྲ་ཞེས་པའི་དམག་དོན་སྦྱོང་བརྡར་ཁྲོད་ཞུགས་རྒྱུ་ཡིན་ཟེར།

ཚད་བརྒལ་འབྲུག་སྒྲ་ནི་ཧན་གོ་དང་ཨ་མེ་རི་ཁའི་མཁའ་དམག་གི་རྒྱུན་ལྡན་གྱི་འཐབ་འཛིང་གི་ལད་མོའི་སྦྱོང་བརྡར་ཅིག་ཡིན་པ་དང་། ལོ་རེར་ཐེངས་གཉིས་ལ་སྤེལ་བཞིན་ཡོད། ཐེངས་འདིའི་སྦྱོང་བརྡར་ཁྲོད། ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དཔུང་འཇུག་དམག་དཔུང་གིས་རྟོག་བཏགས་ཀྱི་དགྲ་བོར་གནད་ལ་ཕོག་པའི་ཆམ་ཕབ་བཏང་བར་མ་ཟད། དམིགས་བསལ་དམག་དཔུང་ལ་དངོས་རྒྱུའི་ཁ་གསབ་བྱེད་པའི་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཧན་གོ་དང་ཨ་མེ་རི་ཁའི་མཁའ་དམག་གིས་ད་རུང་ཚེས14ཉིན་ནས་ཚེས18ཉིན་བར་ཞི་བདེ་རྒྱ་མཚོའི་གློག་དམར་ཅེས་པའི་མཉམ་འབྲེལ་འཐབ་འཛིང་སྔོག་བཤེར་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག