མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་མནའ་མཐུན་རྒྱལ་ཁབ་དག་གིས་དམག་དོན་གྱི་སྔོན་རྩིས་ཁ་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-12 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་ཚེས11ཉིན་སོ་ཧྥེ་ཡཱ་ནས་བསྟན་དོན། ཨུ་རུ་སི་དང་འདབས་འབྲེལ་དུ་ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་རྒྱལ་ཁབ་དག་གི་དམག་དོན་འགོག་སྲུང་ལ་ཤུགས་སྣོན་བྱེད་རྒྱུ་མ་ཟད། མནའ་མཐུན་རྒྱལ་ཁབ་དག་གིས་དམག་དོན་གྱི་སྔོན་རྩིས་ཁ་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་།

ལཱ་སི་མུའུ་སིན་གྱིས་པུར་ཀ་རི་ཡཱ་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་པ་དང་། སོ་སོར་པུར་ཀ་རི་ཡཱའི་ཙུང་ཐུང་དང་ཙུང་ལི། རྒྱལ་སྲུང་བློན་ཆེན། ཕྱི་འབྲེལ་བློན་ཆེན་བཅས་དང་གྲོས་མོལ་བྱས། ལཱ་སི་མུའུ་སིན་གྱིས་པུར་ཀ་རི་ཡཱའི་ཙུང་ཐུང་དང་གྲོས་མོལ་བྱས་རྗེས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་རྒྱལ་ཁབ་དག་གིས་མཉམ་ལས་ཟབ་མོ་བྱེད་པ་དང་རྒྱལ་སྲུང་གི་སྔོན་རྩིས་ཁ་སྣོན་བྱས་ཏེ། རང་ལ་མཁོ་བའི་དེང་རབས་ཀྱི་དམག་དོན་སྒྲིག་ཆས་བརྩོན་ལེན་བྱེད་དགོས་ཟེར།

པུར་ཀ་རི་ཡཱའི་ཕྱི་འབྲེལ་པུའུ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ལཱ་སི་མུའུ་སིན་གྱིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་བྱེད་ཐབས་སྤྱད་དེ་པའོ་ལོ་ཏི་མཚོ་ཁུལ་གྱི་རྒྱལ་ཁབ་དང་མཚོ་ནག་ཁུལ་གྱི་རྒྱལ་ཁབ་སོགས་འདུས་པའི་བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་རྒྱལ་ཁབ་དག་གི་རྒྱབ་སྐྱོར་སྲ་བརྟན་དུ་གཏོང་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག