མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་དེ་ཚེས17ཉིན་རི་ནེ་ཝ་ནས་སྤེལ་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-12 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་སཱ་ཅི་ཡིས་ཚེས11ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་ཨུ་རུ་སི། ཝུའུ་ཁི་ལན། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་ཟླ་འདིའི་ཚེས17ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་སྤེལ་རྒྱུ་ཡིན་ཟེར།

ཕུའུ་སཱ་ཅི་ཡིས་གསལ་སྒྲོག་ནང་བསྟན་དོན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་གྲོས་མོལ་ལ་ཞུགས་རྒྱུ་ཡིན་པར་མ་ཟད། མུ་མཐུད་དུ་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཉམས་ཉེན་ཞི་འཇགས་སུ་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱེད་རྒྱུ་རེད་ཟེར། ཁོ་མོས་ད་རུང་བསྟན་དོན། ཨ་མེ་རི་ཁས་ནམ་རྒྱུན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱས་ཏེ། ཝུའུ་ཁི་ལན་གྱི་སྲིད་དབང་བརྟན་འཇགས་ཡོང་བ་དང་དཔལ་འབྱོར་འཕེལ་རྒྱས་འབྱུང་བར་རྒྱབ་སྐྱོར་བྱེད་པར་བརྩོན་བཞིན་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝའི་དོན་གཅོད་ཁང་དུ་སྡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་ཚེས་བཅུ་བདུན་ཉིན་རི་ནེ་ཝ་ནས་སྤེལ་རྒྱུ་ཡིན་པའི་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་ལ་ཞུགས་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་རྒྱུ་མ་ཟད། ཉམས་ཉེན་ཐག་གཅོད་བྱེད་པའི་ཆབ་སྲིད་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུ་ཡིན་ལ། ཡོ་རོབ་གླིང་མནའ་འབྲེལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གང་ནུས་ཀྱིས་ཝུའུ་ཁི་ལན་གྱི་གནས་བབ་བརྟན་འཇགས་ཡོང་བར་འགན་སྲུང་བྱེད་འདོད་ཡོད་ཟེར།

ཕུའུ་སཱ་ཅི་ཡིས་ཚེས7ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ། ཨུ་རུ་སི། ཝུའུ་ཁི་ལན་བཅས་ཀྱིས་སྔ་གཞུག་ཏུ་ཉིན་བཅུའི་ནང་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་ནས་ཐད་ཀར་གྲོས་མོལ་བྱེད་རྒྱུ་ཚུལ་བསྟན་མྱོང་།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག