མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་གྱིས་ཚེས་བཅུ་བདུན་ཉིན་ཨུ་རུ་སིའི་མང་ཚོགས་བར་བརྙན་འཕྲིན་ཐད་གཏོང་ལེ་ཚན་ལས་འབྲེལ་འདྲིས་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-11 11:41

资料图:俄罗斯总统普京。.jpg

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱི་པར་རིས་རྒྱུ་ཆ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གིས་གསར་འགྱུར་ཅུའུ་ཡིས་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་དང་ཨུ་རུ་སིའི་མང་ཚོགས་དང་མཉམ་དུ་ལོ་རེར་ཐེངས་རེ་སྤེལ་བཞིན་པའི་བརྙན་འཕྲིན་ཐད་གཏོང་ལེ་ཚན་ལས་འབྲེལ་འདྲིས་བྱེད་རྒྱུ་ཡིན་ཟེར།

  སྲོལ་རྒྱུན་གྱི་བརྙན་འཕྲིན་ཐད་གཏོང་ལེ་ཚན་ལས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པ་དེ་ཕུའུ་ཅིན་གྱི་ཙུང་ཐུང་གི་འགན་ཡུན་ཐོག་མའི་སྐབས་ནས་མགོ་བརྩམས་པ་ཡིན་ཞིང་། ཐོག་དང་པོའི་ཐད་གཏོང་ལེ་ཚན་ལས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པ་དེ་ཉིས་སྟོང་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞིའི་ཉིན་སྤེལ་བ་དང་། ཐེངས་བཅུ་གཅིག་པ་དེ་ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་སྤེལ། ཐེངས་འདི་ནི་ཕུའུ་ཅིན་གྱིས་འགན་ཡུན་དང་པོའི་ནང་ཨུ་རུ་སིའི་མང་ཚོགས་བར་སྤེལ་བའི་རིགས་མཐུན་རྣམ་པའི་བརྗེ་རེས་བྱ་འགུལ་ཐེངས་གསུམ་པ་ཡིན། ཚོད་དཔག་བྱས་པ་ལྟར་ན། ཨུ་རུ་སིའི་ཁི་ལི་མུས་ཡཱའི་སྡོད་དམངས་ཀྱང་ཐད་གཏོང་ལེ་ཚན་ལ་ཞུགས་རྒྱུ་རེད། ཁི་ལི་མུའུ་ལིན་ཕོ་བྲང་གི་གསར་འགྱུར་ཅུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ད་ལོར་ཆེད་དོན་གྱི་གླ་རིན་མི་དགོས་པའི་ཁ་པར་ཨང་གྲངས་གཏན་འཁེལ་བྱས་ཡོད།

  ཁི་ལི་མུའུ་ལིན་ཕོ་བྲང་གསར་འགྱུར་ཅུའུ་ཡིས་བཤད་རྒྱུར། ཉིས་སྟོང་བཅུ་བཞི་ལོའི་ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་གྱི་དུས་ཚོད་བཅུ་གཉིས་སྟེང་། ཨུ་རུ་སིའི་བརྙན་འཕྲིན་ཁང་གི་འཕྲིན་ལམ་དང་པོ་དང་། ཨུ་རུ་སི་དང་པོ། ཨུ་རུ་སི་ཉེར་བཞི་བ། གློག་སྒྲོན་རླུང་འཕྲིན། གསར་འགྱུར་འཕྲིན་ལམ། ཨུ་རུ་སིའི་རླུང་འཕྲིན་བཅས་ཀྱིས་ཕུའུ་ཅིན་གྱིས་ཐད་གཏོང་ལེ་ཚན་ལས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་དམིགས་བསལ་ལེ་ཚན་ཐད་གཏོང་བྱེད་རྒྱུ་རེད།

  དེའི་སྔོན་གྱི་སྲོལ་རྒྱུན་ལྟར་ན། ཕུའུ་ཅིན་གྱིས་ཨུ་རུ་སིའི་མང་ཚོགས་བར་བརྗེ་རེས་བྱེད་སྐབས་ཁོ་ཚོ་སྤྲོ་བ་ཡོད་པའི་གནད་དོན་དང་། རྒྱལ་ཁབ་ཀྱི་སྤྱི་ཚོགས་ཆབ་སྲིད་དང་སྤྱི་ཚོགས་དཔལ་འབྱོར་འཚོ་བ། རྒྱལ་སྤྱིའི་གནས་བབ་བཅས་ཀྱི་ཐད་ནས་ལན་འདེབས་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག