མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གཞོན་པས་ཀྲུང་གོ་དང་འཇར་པན་དུ་འཚམས་འདྲི་བྱས་ཏེ་ཉིང་རྡུལ་དམག་དཔུང་ཉུང་འཕྲི་དང་ས་ཁུལ་གྱི་བདེ་འཇགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-11 11:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས10ཉིན་ཁྱབ་སྒྲོག་བྱས་དོན། དམག་དཔུང་ཚོད་འཛིན་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་ལས་དོན་གྱི་འགན་ཁུར་བའི་རྒྱལ་སྲིད་བློན་ཆེན་གཞོན་པ་ཀའོ་ཐི་མའོ་ལེ་ཡིས་ཚེས་བཅུ་ཉིན་ནས་ཚེས་བཅོ་ལྔའི་ཉིན་བར་ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ལ་འཚམས་འདྲི་བྱས་ཏེ། ཉིང་རྡུལ་དམག་དཔུང་ཉུང་འཕྲི་དང་ས་ཁུལ་གྱི་བདེ་འཇགས་སོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

ཨ་མེ་རི་ཁའི་ཕྱོགས་ཀྱིས་བཤད་རྒྱུར། ཀའོ་ཐི་མའོ་ལེ་ཡི་འཚམས་འདྲིའི་ས་ཚིགས་དང་པོ་ནི་འཇར་པན་ཡིན་པ་དང་། ཁོ་མོས་འཇར་པན་ཕྱོགས་དང་མཉམ་དུ་ས་ཁུལ་གྱི་བདེ་འཇགས་དང་དམག་དཔུང་ཚོད་འཛིན། ཉིང་རྡུལ་མཚོན་ཆ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པ། འཕུར་མདའི་འགོག་སྲུང་མཉམ་ལས་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད། ཀའོ་ཐི་མའོ་ལེ་ཀོང་ཏའོ་རུ་སོང་ནས་ཉིང་རྡུལ་དམག་དཔུང་ཉུང་འཕྲི་དང་ཉིང་རྡུལ་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་འདོད་བློའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། འཇར་པན་དང་ཨ་མེ་རི་ཁས་ད་རུང་ཉིང་རྡུལ་དམག་དཔུང་ཉུང་འཕྲི་དང་ཉིང་རྡུལ་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་གྲོས་མོལ་སྤེལ་ཏེ། གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་དང་ཉིང་རྡུལ་ནུས་པ། རྒྱུན་ལྡན་གྱི་མཚོན་ཆ་སོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།

ཀའོ་ཐི་མའོ་ལེ་ཡིས་ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་ཀྲུང་གོར་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཁོ་མོ་ཀྲུང་གོ་དང་ཧྥ་རན་སི། ཨུ་རུ་སི། དབྱིན་ཇི། ཨ་མེ་རི་ཁ་བཅས་རྒྱལ་ཁབ་ལྔའི་ཉིང་རྡུལ་ནུས་པའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ལ་ཞུགས་ཡིན་པ་དང་། ཨ་མེ་རི་ཁའི་ཕྱོགས་ཀྱིས་བཤད་རྒྱུར། གྲོས་ཚོགས་དེའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་ཉིས་སྟོང་བཅུ་ལོའི་ཉིང་རྡུལ་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་གི་གྲོས་ཞིབ་ཚོགས་ཆེན་གྱི་འགུལ་སྐྱོད་འཆར་གཞིའི་ནང་གཏན་འཁེལ་བྱས་པའི་ཉིང་རྡུལ་དམག་དཔུང་ཉུང་འཕྲིའི་དམིགས་འབེན་དངོས་འབེབས་བྱེད་པའི་ཆེད་དུ་ཡིན་ཟེར། ཀའོ་ཐི་མའོ་ལེ་ཡིས་ད་རུང་ཀྲུང་གོའི་ཕྱོགས་དང་མཉམ་དུ་ས་ཁུལ་དང་རྒྱལ་སྤྱིའི་བདེ་འཇགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད། ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། ཀའོ་ཐི་མའོ་ལེ་ཀྲུང་གོའི་དམག་དཔུང་ཚོད་འཛིན་དང་ཉིང་རྡུལ་དམག་དཔུང་ཉུང་འཕྲིའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་ཉིང་རྡུལ་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་གྲོས་ཚོགས་ལ་ཞུགས་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག