མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་ཨ་མེ་རི་ཁས་མོང་གོལ་བར་གྱི་འབྲེལ་བར་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-11 11:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོང་གོལ་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཧཱ་ཀིར་གྱིས་ཚེས་བཅུ་ཉིན་བསྟན་དོན། ཨ་མེ་རི་ཁས་མོང་གོལ་བར་གྱི་འབྲེལ་བར་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

ཧཱ་ཀིར་གྱིས་མོང་གོལ་གྱི་རྒྱལ་སྲུང་བློན་ཆེན་པཱ་ཐི་ཨེར་ཏི་ཎི་དང་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། འཛམ་གླིང་སྟེང་དཔལ་འབྱོར་འཕར་ཚད་ཆེས་མགྱོགས་པའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། མོང་གོལ་གྱིས་ས་ཁུལ་གྱི་བདེ་འཇགས་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། ཨ་མེ་རི་ཁ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་དང་ཕྱི་འབྲེལ། དམག་དོན་བཅས་ཀྱི་ཐད་ནས་མཉམ་ལས་ཟབ་མོ་བྱས་ཡོད་ཟེར།

ཧཱ་ཀིར་གྱིས་ད་རུང་མོང་གོལ་དམག་དཔུང་ཐེངས་མང་བོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ནང་ཞུགས་པར་བཀའ་དྲིན་ཞུས། པཱ་ཐི་ཨེར་ཏི་ཎི་ཡིས་བསྟན་དོན། ཧུར་ཐག་སྒོས་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ནང་ཞུགས་པ་ནི་མོང་གོལ་གྱི་རྒྱལ་སྤྱིའི་འགན་འཁྲིའི་སྣང་ཚུལ་ཞིག་ཡིན་ཟེར།

རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་བློན་ཆེན་གྱིས་ད་རུང་ཁི་ཧན་གྱི་འཚོལ་ཞིབ་ཅེས་པའི་རྒྱལ་ཁབ་མང་བོའི་ཞི་བདེ་སྲུང་སྐྱོབ་ཀྱི་དམག་དོན་སྦྱོང་བརྡར་ཁྲོད་མུ་མཐུད་དུ་མཉམ་ལས་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། དེ་མིན་དྲ་རྒྱའི་བདེ་འཇགས་དང་སྨན་བཅོས་མཉམ་ལས་སོགས་ལས་དོན་ལའང་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་མཉམ་ལས་ཐད་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག