མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ལེ་སི་ཐན་གྱི་དཔོན་རིགས་ཀྱིས་དབྱི་སི་རལ་ཕྱོགས་ཀྱིས་མཐོ་རིམ་བར་གྱི་མཉམ་ལས་དང་འབྲེལ་འདྲིས་མཚམས་བཞག་ན་ཞི་བའི་གྲོས་མོལ་ལ་གཏོར་བརླག་ཚབས་ཆེན་ཐེབས་སྲིད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-10 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་དཔོན་རིགས་ཀྱིས་ཚེས་དགུ་ཉིན་ཉེན་བརྡ་བཏང་སྟེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་དབྱི་སི་རལ་སྲིད་གཞུང་གིས་ཕཱ་ལེ་སི་ཐན་བར་གྱི་མཐོ་རིམ་འབྲེལ་འདྲིས་དང་མཉམ་ལས་མཚམས་འཇོག་པའི་བཀའ་རྒྱ་བཏང་བ་དང་། བྱ་སྤྱོད་དེ་ལས་ཞི་བའི་གྲོས་མོལ་ལ་གཏོར་བརླག་ཚབས་ཆེན་ཐེབས་ངེས་རེད་ཟེར།

ཕཱ་ལེ་སི་ཐན་གྱི་ངོ་རྒོལ་བཟོ་བའི་པུའུ་ཀྲང་། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མཱ་ཅི་ཏཱ་ལཱ་ནེ་ཡིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིས་སྟོང་དགུ་ལོར་སྲིད་བཟུང་བའི་ཚུན་ལ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་སྲིད་གཞུང་བར་གྱི་མཉམ་ལས་འབྲེལ་བ་སྔར་ལས་ཇེ་ཞན་དུ་སོང་། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་ཕྱོགས་བར་གྱི་མཐོ་རིམ་འབྲེལ་འདྲིས་མཚམས་འཇོག་པའི་བཀག་སྡོམ་བྱེད་ཐབས་ལས་ཞི་བའི་གྲོས་མོལ་གྱི་འཕེལ་རིམ་ལ་གཏོར་བརླག་ཚབས་ཆེན་ཐེབས་ངེས་རེད་ཟེར།

དབྱི་སི་རལ་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་དབྱི་སི་རལ་གྱི་པུའུ་ཀྲང་རིམ་པའི་དཔོན་རིགས་ཀྱིས་ཕཱ་ལེ་སི་ཐན་བར་གྱི་དཔལ་འབྱོར་དང་དམངས་དོན་ཁྱབ་ཁོངས་ཀྱི་མཉམ་ལས་མཚམས་བཞག་སྟེ། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཡང་བསྐྱར་རྒྱལ་སྤྱིའི་ཆིངས་ཡིག་ནང་ཞུགས་པའི་ཐབས་ལམ་འཚོལ་ཞིབ་བྱས་པར་རྒོལ་ལན་སྤྲད་ཟེར།

མིག་སྔར། ཕཱ་ལེ་སི་ཐན་ཕྱོགས་ལ་དབྱི་སི་རལ་གྱི་མཐོ་རིམ་བར་གྱི་མཉམ་ལས་མཚམས་འཇོག་པའི་འབྲེལ་ཡོད་བརྡ་ཐོ་དངོས་སུ་འབྱོར་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག