མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་སི་ཁྲུ་ལི་ཡཱ་ཡིས་སོ་སོར་འཇར་པན་དང་ཧན་གོའི་བར་རང་དབང་ཉོ་ཚོང་གྲོས་ཆོད་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-10 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ཚེས་བརྒྱད་ཉིན་ཧྲིག་ཨར་ནས་འཚམས་འདྲིར་ཡོང་བའི་ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨ་པའོ་ཐི་དང་མཉམ་དུ་ཧན་གོ་དང་ཨོ་སི་ཁྲུ་ལི་ཡཱའི་རང་དབང་ཉོ་ཚོང་གྲོས་ཆོད་བཀོད། དེའི་སྔོན་ཨ་པའོ་ཐི་ཡིས་ཏུང་ཅིན་དུ་འཚམས་འདྲི་བྱེད་སྐབས་འཇར་པན་དང་ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་གཉིས་ཀྱིས་རང་དབང་ཉོ་ཚོང་གི་གྲོས་ཆོད་བཀོད་པ་ཁྱབ་བསྒྲགས་བྱས།

ཨོ་སི་ཁྲུ་ལི་ཡཱ་དང་ཧན་གོའི་བར་གྱི་རང་དབང་ཉོ་ཚོང་གྲོས་ཆོད་ན་ནིང་ལོ་མཇུག་ལ་བཀོད་པ་དང་། ཧན་གོས་ཨོ་སི་ཁྲུ་ལི་ཡཱའི་ཞིང་ཞོར་ཐོན་རྫས་ཁག་ཅིག་གི་ནང་འདྲེན་སྒོ་ཁྲལ་ཇེ་ཉུང་དུ་བཏང་བ་དང་། ཨོ་སི་ཁྲུ་ལི་ཡཱ་ཡིས་ཧན་གོས་ཨོ་སི་ཁྲུ་ལི་ཡཱ་ནས་མ་དངུལ་གཏོང་བའི་དཔྱད་ཞིབ་འབོར་གྲངས་ཀྱང་མིག་སྔའི་ཨོ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་བརྒྱད་ནས་ཨོ་སྒོར་ཐེར་འབུམ་གཅིག་ལ་ཇེ་མཐོར་གཏོང་རྒྱུ་རེད། ཨ་པའོ་ཐི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་བར་དཔལ་འབྱོར་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་པ་དང་། ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་ཀྱིས་ཧན་གོའི་མི་དམངས་ལ་ཟས་རིགས་བདེ་འཇགས་དང་ནུས་ཁུངས་འགན་སྲུང་འདོན་སྤྲོད་བྱེད་ཐུབ་ཟེར།

ཚེས་བདུན་ཉིན་གྱི་དགོང་མོར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་ཨ་པའོ་ཐི་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་རང་དབང་ཉོ་ཚོང་གྲོས་ཆོད་བཀོད་པ་ཁྱབ་བསྒྲགས་བྱས། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་པའི་མཇུག་འབྲས་ལྟར་ན། འཇར་པན་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡཱའི་སྐམས་ཤ་དང་འོ་བཟོས་ཐོན་རྫས། ཀ་ར། རྒུན་ཆང་སོགས་ཞིང་ཞོར་ཐོན་རྫས་ཀྱི་ནང་འདྲེན་སྒོ་ཁྲལ་ལྡབ་འགྱུར་གྱིས་ཇེ་ཉུང་དུ་བཏང་བ་དང་། ཨོ་སི་ཁྲུ་ལི་ཡཱ་ཕྱོགས་ཀྱིས་རིམ་བཞིན་དུ་འཇར་པན་གྱི་གྲངས་འཛིན་ཐོན་རྫས་དང་ཁྱིམ་སྤྱོད་གློག་ཆས། འཚོ་བའི་མཁོ་ཆས་སོགས་ཀྱི་སྒོ་ཁྲལ་མེད་པར་བཟོ་རྒྱུར་འཐད་པ་བྱུང་བར་མ་ཟད། ལོ་ངོ་གསུམ་གྱི་ནང་འཇར་པན་གྱི་རླངས་འཁོར་ལའང་ནང་འདྲེན་གྱི་སྒོ་ཁྲལ་མེད་པར་བཟོ་རྒྱུ་ཁས་ལེན་བྱས། དེ་ལས་གཞན་འཇར་པན་ཕྱོགས་ཀྱིས་ད་རུང་ཨོ་སི་ཁྲུ་ལི་ཡཱ་ལ་གཟིངས་སྐྱོང་རྒྱལ་ཁབ་ཀྱི་ཐོབ་ཐང་སྟེར་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག