མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་ཨ་མེ་རི་ཁའི་ཕྱི་འབྲེལ་བློན་ཆེན་གྱིས་ཕན་ཚུན་ཁ་པར་བཏང་སྟེ་ཝུའུ་ཁི་ལན་ཤར་ལྷོའི་གནས་བབ་ཐད་ནས་གྲོས་བསྡུར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-10 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས9ཉིན་སྤྱི་བསྒྲགས་སྤེལ་ཏེ། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་དུས་བཅད་ལྟར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས།

སྤྱི་བསྒྲགས་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝུའུ་ཁི་ལན་གྱི་ཆབ་སྲིད་ཉམས་ཉེན་འདུམ་འགྲིག་བྱེད་པའི་གནད་དོན་ཏེ་ཨུ་རུ་སི་དང་ཨ་མེ་རི་ཁ། ཡོ་རོབ་གླིང་མནའ་འབྲེལ། ཝུའུ་ཁི་ལན་གྱི་འཐུས་མི་བཅས་ཞུགས་པའི་ཕྱོགས་མང་བོའི་གྲོས་མོལ་སྤེལ་བ་སོགས་ལ་གྲོས་བསྡུར་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཁ་པར་གཏོང་སྐབས་བསྟན་དོན། གྲོས་མོལ་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་གྲོས་བསྡུར་བྱེད་པ་མིན་པར་ཝུའུ་ཁི་ལན་གྱིས་འདྲ་མཉམ་དང་ཁྱབ་རྒྱ་ཆེ་བའི་གྲོས་མོལ་སྤེལ་བར་རོགས་རམ་བྱེད་པའི་ཆེད་དུ་མི་ཚང་མས་དང་ལེན་བྱེད་ཐུབ་པའི་རྩ་ཁྲིམས་བཅོས་བསྒྱུར་ལ་གྲོས་མཐུན་འབྱུང་བར་བྱེད་པའི་གནས་ཚུལ་འོག་ད་གཟོད་གྲོས་མོལ་དེར་ཕན་ཐོགས་ཆེན་པོ་ཡོད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་ནན་གྱིས་བསྟན་དོན། ཅི་ཧྥུའུ་དབང་འཛིན་ལས་ཁུངས་ཀྱིས་གནད་དོན་དེ་ཐག་གཅོད་བྱེད་པའི་ཐད་ནས་ངེས་པར་དུ་ནུས་པ་གལ་ཆེན་འདོན་དགོས་པ་དང་། ཁྱད་པར་དུ་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་ཁྲིམས་མཐུན་རེ་བར་ལན་གསལ་བོ་སྟེར་དགོས་ཟེར།

སྤྱི་བསྒྲགས་ལས་བཤད་རྒྱུར། ལཱ་ཧྥུའུ་ལོ་ཧྥུའུ་དང་ཁི་ལེ་གཉིས་ཀྱིས་ཁ་པར་གཏོང་སྐབས་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་དུ་རྣམ་པ་གང་རུང་གི་དྲག་ཤུགས་མི་བཀོལ་བ་དང་། གྲོས་མོལ་ལ་བརྟེན་ནས་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱི་ས་ཁུལ་ཚང་མ་རྩ་ཁྲིམས་བཅོས་བསྒྱུར་བྱེད་པའི་འཕེལ་རིམ་ནང་བསྡུ་ལེན་བྱེད་པ་ལས་ཐབས་གཞན་མེད་ཟེར།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་སྒེར་གྱི་བདེ་སྲུང་ཀུང་ཟི་ཀི་ལོས་སི་ཐུང་ཀུང་ཟིའི་གླ་དམག་བརྒྱ་དང་ལྔ་བཅུ་ཙམ་གྱིས་ཝུའུ་ཁི་ལན་གྱི་གསེར་གྱི་གླག་རྒོད་ཅེས་པའི་དམིགས་བསལ་དམག་དཔུང་གི་ལྭ་བ་གྱོན་ཏེ་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ལ་དྲག་གནོན་བྱེད་པའི་བྱ་འགུལ་ནང་ཞུགས་པར་བཤད། དེའི་ཐད་ནས་ཁི་ལེ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་རྟོག་ཞིབ་བྱེད་བཞིན་ཡོད་ཀྱང་བསྒྲགས་པའི་གནས་ཚུལ་དེ་རིགས་ལ་བདེན་དཔང་ཅི་ཡང་རྙེད་མེད་ཟེར།

དེའི་སྔོན་ཁི་ལེ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གཉིས་ཀྱིས་སྔ་གཞུག་ཏུ་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་དེ་གཟའ་འཁོར་རྗེས་མར་སྤེལ་རྒྱུ་ཡིན་ཞེས་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག