མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱི་ནང་སྲིད་པུའུ་ཀྲང་གིས་དུས་ཚོད་ཞེ་བརྒྱད་ནང་ཤར་ཕྱོགས་ས་ཁུལ་གྱི་ཉམས་ཉེན་ཐག་གཅོད་བྱེད་རྒྱུ་ཡིན་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-10 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་ནང་སྲིད་པུའུ་ཡི་པུའུ་ཀྲང་ཨ་ཝ་ཁི་ཧྥུའུ་ཡིས་ཚེས9་དགུ་ཉིན་བསྟན་དོན། དུས་ཚོད་ཞེ་བརྒྱད་ནང་གྲོས་མོལ་དང་ཡང་ན་དྲག་ཤུགས་ལ་བརྟེན་ནས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་ཚེས6ཉིན་ནས་བཟུང་བྱུང་བའི་ངོ་རྒོལ་བྱ་འགུལ་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

མིག་སྔར། ཝུའུ་ཁི་ལན་གྱི་དམིགས་བསལ་དམག་དཔུང་ཤར་ཕྱོགས་ས་ཁུལ་དུ་འདུས་ཡོད། ཉིན་དེའི་ཞོགས་པར་ངོ་རྒོལ་འགུལ་སྐྱོད་སྤེལ་བའི་ཤར་ཕྱོགས་ཀྱི་ལུའུ་ཀན་སི་ཁི་གྲོང་ཁྱེར་གྱི་གནས་བབ་ཅུང་ཞི་འཇགས་སུ་སོང་བ་དང་། གྲོང་ཁྱེར་དེའི་བདེ་འཇགས་ཅུའུ་ཡིས་བཤད་རྒྱུར། མི་ལྔ་བཅུ་ལྷག་བཙན་བཟུང་བྱས་པའི་བདེ་འཇགས་ཅུའུ་ཡི་ཐོག་ཁང་ཆེན་མོ་དང་ཁ་བྲལ་ཡོད་ལ། དེར་མི་སྣར་ཤི་རྨས་ཐེབས་པའི་གནས་ཚུལ་བྱུང་མེད་ཟེར། ཡིན་ན་ཡང་ཨུ་རུ་སིའི་ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ངོ་རྒོལ་མཁན་སྟོང་ཕྲག་ལྷག་གིས་སྔར་བཞིན་བདེ་འཇགས་ཅུའུ་ཡི་ཐོག་ཁང་ཆེན་མོ་བཙན་བཟུང་བྱས་ཡོད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱི་གསར་འགྱུར་མགྲིན་ཚབ་པས་ཚེས་དགུ་ཉིན་བཤད་རྒྱུར། ཨ་ཧྲི་ཏོན་གྱིས་གཟའ་འཁོར་རྗེས་མར་ཨ་མེ་རི་ཁ་དང་ཨུ་རུ་སི། ཝུའུ་ཁི་ལན་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་དང་གྲོས་མོལ་བྱས་ཏེ། ཝུའུ་ཁི་ལན་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་ཕྱི་འབྲེལ་ཐད་ནས་འབད་བརྩོན་བྱེད་རྒྱུ་ཡིན་ཟེར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཕྱོགས་བཞིའི་གྲོས་མོལ་བྱ་འགུལ་དེ་གཟའ་འཁོར་རྗེས་མར་སྤེལ་རྒྱུའི་འཆར་གཞི་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག