མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་ཟིང་འཁྲུག་བཟོས་པར་སྐྱོན་འཛུགས་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-09 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས་བརྒྱད་ཉིན་ཨུ་རུ་སིའི་གསང་མྱུལ་བས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་ཟིང་འཁྲུག་བཟོས་པར་སྐྱོན་འཛུགས་བྱས་པར་མ་ཟད། ཨུ་རུ་སི་རྒྱལ་ཁབ་ཀྱིས་གནད་དོན་དེ་ཡང་བསྐྱར་ཝུའུ་ཁི་ལན་ལ་དམག་དོན་ཐེ་གཏོགས་བྱེད་པའི་ཁ་གཡོར་སར་བྱེད་སྲིད་ཟེར།

ཁི་ལེ་ཉིན་དེར་གྲོས་ཞུགས་ཁང་གི་ཕྱི་འབྲེལ་ཨུ་ཡོན་ལྷན་ཁང་གི་ཉན་ཞིབ་ཚོགས་འདུར་ཞུགས་སྐབས་བསྟན་དོན། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་གསང་མྱུལ་བ་མངག་ནས་བསམ་བཞིན་དུ་ཟིང་འཁྲུག་བསླངས་པ་དང་། དེ་ནི་ཝུའུ་ཁི་ལན་གྱི་བརྟན་འཇགས་ལ་གཏོར་བརླག་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་རེད་ཟེར།

ཁི་ལེ་ཡིས་ད་རུང་བསྟན་དོན། ཨ་མེ་རི་ཁས་ཨུ་རུ་སི་རྒྱལ་ཁབ་ཀྱིས་འཛེམ་དོགས་ཅི་ཡང་མེད་པར་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཁ་བྲལ་བྱ་འགུལ་ནང་ཞུགས་པའི་བྱ་སྤྱོད་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཁི་ལི་མུས་ཡཱའི་གནས་བབ་འགྱུར་ལྡོག་དང་འདྲ་བར། ཨུ་རུ་སིའི་ཕྱོགས་ཀྱིས་ཟིང་འཁྲུག་དེ་ཡང་བསྐྱར་ཝུའུ་ཁི་ལན་ལ་དམག་དོན་ཐེ་གཏོགས་བྱེད་པའི་ཁ་གཡོར་སར་བྱེད་ངེས་རེད་ཟེར།

ཁི་ལེ་ཡིས་ད་རུང་ཨུ་རུ་སིའི་ཕྱོགས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་དམག་དཔུང་ཕྱིར་འཐེན་བྱེད་དགོས་པར་མ་ཟད། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་ལ་འབྲེལ་བ་མེད་པར་མངོན་གསལ་གྱིས་ཁས་ལེན་བྱེད་དགོས་པའི་རེ་བ་བཏོན། ཁོས་ད་རུང་བཤད་རྒྱུར། གལ་ཏེ་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་གྱི་བརྟན་འཇགས་ལ་སྔར་ལས་ལྷག་པའི་གཏོར་བརླག་བྱས་ན། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་ནུས་ཁུངས་དང་དངུལ་ཁང་། གཏེར་ཐོན་སོགས་ལས་རིགས་གཙོ་བོའི་ཐད་ཀྱི་བཀག་སྡོམ་ཤུགས་ཚད་ཇེ་ཆེར་གཏོང་བར་གྲ་སྒྲིག་བྱས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག