མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་དྲུག་གི་སྐོར་ཐེངས་གསར་བའི་གྲོས་མོལ་མགོ་བརྩམས་པ་དང་ཟླ་བདུན་པར་འགལ་བ་ཐག་གཅོད་བྱེད་པའི་འཆར་གཞི་ཡོད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-09 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་དང་ཉིང་རྡུལ་ནུས་པའི་གནད་དོན་གྱི་འབྲེལ་ཡོད་རྒྱལ་ཁབ་དྲུག་གིས་ཚེས་བརྒྱད་ཉིན་སྐོར་ཐེངས་གསར་བའི་གྲོས་མོལ་མགོ་བརྩམས་པ་དང་། དམིགས་ཡུལ་ནི་ཟླ་བདུན་པའི་ཟླ་མཇུག་གི་སྔོན་ལ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ཀྱི་འགལ་བ་ཐག་གཅོད་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་སྲིད་གཞུང་གིས་བསྟན་དོན། ཆབ་སྲིད་ཀྱི་བཀག་རྒྱ་ཆེན་པོ་ཡོད་ཀྱང་ཟླ་བདུན་པའི་ཟླ་མཇུག་གི་སྔོན་ལ་དབྱི་ལིང་གི་ཉིང་རྡུལ་ནུས་པར་ཚོད་འཛིན་བྱེད་པའི་འཆར་གཞི་ལ་གྲོས་འཆམ་འབྱུང་བར་ཡིད་ཆེས་ཡོད། སྐོར་ཐེངས་གསར་བའི་གྲོས་མོལ་གྱི་གནད་དོན་གཙོ་བོ་ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་འདུས་ཚད་ཇེ་ཉུང་དུ་གཏོང་དགོས་པའི་རེ་བ་བཏོན་པ་དེ་རེད། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ད་རུང་བསྟན་དོན། དབྱི་ལིང་སྲིད་གཞུང་གིས་ངེས་པར་དུ་ཉིང་རྡུལ་འཕུར་མདའ་གསར་སྤེལ་བྱེད་མཚམས་འཇོག་དགོས་ཟེར། གྲོས་མོལ་ལ་ཞུགས་པའི་དཔོན་རིགས་རེ་འགས་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་ལིང་གིས་ཕན་ཚུན་ཀུ་ཡངས་བཏང་ན་ད་གཟོད་གྲོས་མཐུན་འགོད་ཐུབ་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག