མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། ཧཱ་སག་སི་ཐན་བཅས་ཀྱི་ཙུང་ལི་ཡིས་མའོ་སི་ཁི་ནས་ཡོ་རོབ་གླིང་དང་ཨེ་ཤ་ཡ་གླིང་གི་དཔལ་འབྱོར་མནའ་མཐུན་འཛུགས་པར་གྲོས་བསྡུར་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-09 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧཱ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་སཱ་ཅིན་ཐཱ་ཡེ་ཧྥུའུ་ཡིས་ཚེས་བརྒྱད་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཧཱ་སག་སི་ཐན་དང་ཨུ་རུ་སི། ཨུ་རུ་སི་དཀར་པོ་བཅས་རྒྱལ་ཁབ་གསུམ་གྱི་ཙུང་ལི་ཡིས་ཚེས་བཅོ་ལྔ་ཉིན་མའོ་སི་ཁི་ནས་གྲོས་མོལ་བྱས་ཏེ། ཡོ་རོབ་གླིང་དང་ཨེ་ཤ་ཡ་གླིང་གི་དཔལ་འབྱོར་མནའ་འབྲེལ་འཛུགས་པའི་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། མིག་སྔར་རྒྱལ་ཁབ་གསུམ་གྱིས་ཡོ་རོབ་གླིང་དང་ཨེ་ཤ་ཡ་གླིང་གི་དཔལ་འབྱོར་མནའ་འབྲེལ་འཛུགས་པའི་འབྲེལ་ཡོད་གྲོས་མཐུན་ཡིག་ཆ་གྲ་སྒྲིག་བྱེད་བཞིན་ཡོད་ལ། ཚོད་དཔག་བྱས་ན་ད་ལོའི་ཟླ་ལྔ་བའི་ཟླ་མགོར་གྲོས་མཐུན་འགོད་ཐུབ་ངེས་རེད་ཟེར།

སཱ་ཅིན་ཐཱ་ཡེ་ཧྥུའུ་ཡིས་བཤད་རྒྱུར། རྒྱུས་ལོན་བྱུང་བ་ལྟར་ན། ཡོ་རོབ་གླིང་དང་ཨེ་ཤ་ཡཱ་གླིང་གི་དཔལ་འབྱོར་མནའ་འབྲེལ་གྱིས་དངུལ་ལོར་གཅིག་གྱུར་བྱེད་རྒྱུ་མིན་པ་དང་། འབྲེལ་ཡོད་ཕྱོགས་ཀྱིས་ཀྱང་དངུལ་ལོར་གཅིག་གྱུར་ཐད་གྲོས་བསྡུར་གང་ཡང་བྱས་མེད། ཡོ་རོབ་གླིང་དང་ཨེ་ཤ་ཡ་གླིང་གི་དཔལ་འབྱོར་མནའ་འབྲེལ་ནི་དཔལ་འབྱོར་གྱི་མནའ་འབྲེལ་ཞིག་ཡིན་པ་ལས་ཆབ་སྲིད་ཀྱི་མནའ་འབྲེལ་ཞིག་མིན། དཔལ་འབྱོར་མནའ་འབྲེལ་ནང་ཁུལ་དུ་རྒྱལ་ཁབ་སོ་སོའི་སྒེར་ཚུགས་རང་བཞིན་དང་བདག་དབང་ལ་སྲུང་སྐྱོབ་ཐོབ་སྲིད་ལ། དཔལ་འབྱོར་མནའ་འབྲེལ་གྱི་ཆོད་དོན་གལ་ཆེན་དག་ཁོངས་གཏོགས་རྒྱལ་ཁབ་ཚང་མས་འདེམ་ཤོག་འཕང་སྟེ་ཐག་གཅོད་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག