མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨིར་ལན་གྱི་ཙུང་ཐུང་གིས་རང་བཙན་བྱས་རྗེས་ཐོག་དང་པོར་དབྱིན་ཇི་རུ་འཚམས་འདྲི་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-09 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨིར་ལན་གྱི་ཙུང་ཐུང་ཞི་ཅིན་སི་ཡིས་ཚེས་བརྒྱད་ཉིན་ནས་བཟུང་དབྱིན་ཇི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་བྱེད་མགོ་བརྩམས། དེ་ནི་ཨིར་ལན་གཅིག་སྟོང་དགུ་བརྒྱ་ཉེར་གཉིས་ལོར་དབྱིན་ཇི་ནས་རང་བཙན་བྱས་པའི་ཚུན་ལ། ཨིར་ལན་གྱི་ཙུང་ཐུང་གིས་ཐོག་དང་པོར་དབྱིན་ཇི་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ་རེད།

ཉིན་དེར་དབྱིན་ཇིའི་རྒྱལ་མོ་དབྱེ་ལེ་ཧྲ་པེ་སྐུ་ཕྲེང་གཉིས་པས་ཝུན་ཧྲ་མཁར་རྫོང་ནས་ཞི་ཅིན་སི་ལ་ཐུག་འཕྲད་བྱས་པར་མ་ཟད། ཁོ་ལ་དགའ་བསུའི་གསོལ་སྟོན་གཟབ་རྒྱས་བཤམས། དབྱེ་ལེ་ཧྲ་པེ་སྐུ་ཕྲེང་གཉིས་པས་ཉིས་སྟོང་བཅུ་གཅིག་ལོར་ཨིར་ལན་ལ་འཚམས་འདྲི་བྱས་པ་དང་། ཨིར་ལན་རང་བཙན་བྱས་རྗེས་འཚམས་འདྲིར་ཡོང་བའི་དབྱིན་ཇིའི་རྒྱལ་བོ་ཐོག་མ་རེད།

ཞི་ཅིན་སི་ཡིས་དབྱིན་ཇིའི་རྒྱལ་ཚོགས་ནས་གཏམ་བཤད་སྤེལ། ཁོས་བསྟན་དོན། ཨིར་ལན་དང་དབྱིན་ཇིའི་བར་མཛའ་མཐུན་གྱི་འབྲེལ་བ་ཟབ་མོ་ཡོད་པ་དང་། འབྲེལ་བ་དེ་རིགས་སྔོན་ཆད་མངོན་འགྱུར་བྱེད་མི་སྲིད་པར་རློམ་མྱོང་ཟེར།

རྒྱལ་ཚོགས་ནས་གཏམ་བཤད་མ་སྤེལ་གོང་ཞི་ཅིན་སི་ཡིས་ཝེ་སི་མེན་སི་ཐི་ཆོས་ཁང་ལ་ལྟ་སྐོར་བྱས་པར་མ་ཟད་མིང་མེད་པའི་སྔོན་གཤེགས་དཔའ་བོའི་བང་སོར་མེ་ཏོག་ཕུལ།

དབྱིན་ཇིའི་རྒྱལ་བོའི་ཕོ་བྲང་དང་སྲིད་གཞུང་གིས་ཨིར་ལན་གྱི་ཙུང་ཐུང་གི་ཐེངས་འདིའི་ལོ་རྒྱུས་རང་བཞིན་ལྡན་པའི་འཚམས་འདྲིར་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། འཚམས་འདྲིའི་སྐབས་སུ། དབྱིན་ཇིའི་རྒྱལ་མོ་དང་རྒྱལ་བོའི་ཕོ་བྲང་གི་ཁོངས་མིར་ཐུག་འཕྲད་བྱེད་པ་ལས་གཞན། ཞི་ཅིན་སི་ཡིས་ད་རུང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་དང་མཉམ་དུ་གུང་ཚིགས་ལ་རོལ་རྒྱུ་མ་ཟད་ཕྱོགས་གཉིས་ཀྱི་གྲོས་མོལ་བྱེད་རྒྱུ་ཡིན་ལ། གཞན་ད་རུང་ལོན་ཏོན་གྲོང་ཁྱེར་གྱི་ཧྲི་ཀྲང་ཡོ་ཧན་ཞོན་ལ་ཐུག་འཕྲད་བྱེད་རྒྱུ་རེད། དེ་ལས་གཞན་ཁོས་དབྱིན་ཇིའི་རྒྱལ་བོ་ཚང་གི་སློབ་ཚོགས་དང་ཧྲ་ཧྲི་པུས་ཡཱའི་གཤེགས་ཡུལ། ཁའོ་ཝུན་ཁྲོས་ཆོས་ཁང་ཆེན་མོ་སོགས་ལ་ལྟ་སྐོར་བྱེད་རྒྱུ་ཡིན་པར་མ་ཟད། དབྱིན་ཇི་རུ་ཡོད་པའི་ཨིར་ལན་གྱི་མི་ལ་འཚམས་འདྲི་བྱེད་རྒྱུ་རེད།

དབྱིན་ཇིའི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། ཞི་ཅིན་སི་ཡི་ཐེངས་འདིའི་འཚམས་འདྲི་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འཚམས་འདྲི་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་དེ་ལ་བརྟེན་ནས་ལོ་རྒྱུས་སྟེང་གི་བསླབ་བྱ་ཉམས་སུ་མྱང་ཆོག་པར་མ་ཟད། རྒྱལ་ཁབ་ཀྱི་ཐུན་མོང་གི་རིག་གནས་དང་རིན་ཐང་ལྟ་བ། ཁྱིམ་གཞིས་སོགས་ཀྱི་འབྲེལ་བ་མཉམ་དུ་གླེང་ཆོག་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག