མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་སི་ཁྲུ་རི་ཡཱའི་ཙུང་ལི་དང་ཧྥན་ལུང་ཕའེ་ཡིས་དངུལ་ལོར་ཉོ་ཚོང་ཁྲལ་དངུལ་སོགས་ཀྱི་གྲོས་གཞི་ལ་གྲོས་བསྡུར་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-09 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་རི་ཡཱའི་ཙུང་ལི་ཧྥ་དབྱེ་མན་གྱིས་ཚེས་བརྒྱད་ཉིན་འཚམས་འདྲིར་ཡོང་བའི་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་དང་གྲོས་མོལ་བྱས་ཏེ། དངུལ་ལོར་ཉོ་ཚོང་ཁྲལ་དངུལ་དང་དངུལ་ཁང་མནའ་འབྲེལ། ཝུའུ་ཁི་ལན་གྱི་གནས་བབ་སོགས་ལ་གྲོས་བསྡུར་བྱས།

ཨོ་སི་ཁྲུ་རི་ཡཱའི་ཙུང་ལིའི་བཞུགས་ཤག་གིས་ཉིན་དེར་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཧྥ་དབྱེ་མན་གྱིས་དངུལ་ལོར་ཉོ་ཚོང་ཁྲལ་དངུལ་གནད་དོན་གླེང་སྐབས་བསྟན་དོན། ཨོ་སི་ཁྲུ་རི་ཡཱ་རྒྱལ་ཁབ་ཀྱིས་དངུལ་ལོར་ཉོ་ཚོང་ཁྲལ་དངུལ་གྱི་གནད་དོན་ཐད་ནས་དགོས་ངེས་ཀྱི་གྲུབ་འབྲས་བླངས་ཡོད་པ་དང་། དེ་ནི་ཡོ་རོབ་གླིང་གི་མང་ཚོགས་ལ་བཏང་བའི་བརྡ་རྟགས་གལ་ཆེན་ཞིག་ཡིན་ཟེར།

དངུལ་ཁང་མནའ་འབྲེལ་གྱི་གནད་དོན་ཐད་ནས་ཧྥ་དབྱེ་མན་དང་ཧྥན་ལུང་ཕའེ་གཉིས་ཀྱིས་བལྟས་ན། ད་ལྟའི་བར་དངོས་འབེབས་བྱས་པའི་བྱ་བའི་ལས་རིམ་ཁྲོད་མ་འོངས་པའི་དངུལ་ཁང་ལས་རིགས་ཀྱི་ཉམས་ཉེན་སྔོན་འགོག་བྱེད་པའི་ཕྱོགས་གལ་ཆེན་འདུས་ཡོད་པར་འདོད།

ཕྱོགས་གཉིས་ཀྱིས་ད་རུང་ཡོ་རོབ་གླིང་གིས་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་བྱེད་པ་དང་ན་གཞོན་གྱི་ལས་ཤོར་གནད་དོན་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས།

ཕྱོགས་གཉིས་ཀྱིས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གྱི་གནས་བབ་ལ་དམིགས་པའི་རྣམ་འགྱུར་དང་། མི་འགྱངས་པར་ཙུང་ཐུང་འདེམ་བསྐོ་བྱེད་རྒྱུ་ཡིན་པའི་ཝུའུ་ཁི་ལན་གྱི་གནས་བབ་ལ་དཔྱད་འཇོག་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག