མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧང་ག་རིའི་རྒྱལ་སྲུང་བློན་ཆེན་གྱིས་ཧང་ག་རི་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་དོན་སྙིང་གལ་ཆེན་ལྡན་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-09 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧང་ག་རིའི་རྒྱལ་སྲུང་བློན་ཆེན་ཧིན་ཏི་ཡིས་ཚེས་བརྒྱད་ཉིན་ཧང་ག་རི་བྱང་ཆིངས་རྩ་འཛུགས་ནང་ཞུགས་ནས་ལོ་ངོ་བཅོ་ལྔ་འགོར་བའི་རྗེས་དྲན་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་ཏེ། བྱང་ཆིངས་རྩ་འཛུགས་ནང་ཞུགས་པ་དེར་ཧང་ག་རིའི་ལོ་རྒྱུས་སྟེང་དོན་སྙིང་གལ་ཆེན་ལྡན་ཟེར།

ཧིན་ཏི་ཡིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ནང་མ་ཞུགས་གོང་། ཧང་ག་རི་རྒྱལ་ཁབ་དེ་ཤར་ནུབ་རྒྱལ་ཁབ་བར་ཅི་བྱེད་མ་ཤེས་པར་ཐེ་ཚོམ་བྱེད་བཞིན་ཡོད་པ་དང་། བྱང་ཆིངས་རྩ་འཛུགས་ནང་ཞུགས་རྗེས་བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་དེ་ལྕགས་ཀྱུ་ཞིག་དང་འདྲ་བར་ཧང་ག་རི་དམ་པོར་བཟུང་ཡོད་ལ། ཧང་ག་རིའི་སྲིད་གཞུང་ནི་བྱང་ཆིངས་རྩ་འཛུགས་ཀྱི་ཡིད་རྟོན་རུང་ལ་འགྱུར་བ་མེད་པའི་གྲོགས་པོ་ཡིན་ཟེར།

ཧིན་ཏི་ཡིས་པཱ་ཨར་ཀན་ནུབ་མ་ས་ཁུལ་གླེང་སྐབས་བཤད་རྒྱུར། ས་ཁུལ་དེའི་བརྟན་འཇགས་དང་ཡོ་རོབ་གླིང་ནུབ་ཀྱི་རྒྱ་མཚོ་ཆེན་མོའི་གཞི་གཅིག་ཅན་ནི་ཧང་ག་རིའི་ཁེ་ཕན་ལ་རག་ལས་ཡོད་པས། ཧང་ག་རི་རྒྱལ་ཁབ་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་སྒོ་འབྱེད་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། བྱང་ཆིངས་རྩ་འཛུགས་སྔར་ལས་རྒྱ་བསྐྱེད་དུ་འགྲོ་བར་ཡིད་ཆེས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག