མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་མཉམ་དུ་འབད་བརྩོན་བྱས་ཏེ་འགོ་ནད་ཀྱི་ནད་རྟེན་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-08 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བདུན་ཉིན་ནི་འཛམ་གླིང་འཕྲོད་བསྟེན་ཉིན་མོ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཉིན་དེར་ཞུ་ཚིག་ཕུལ་ཏེ། རྒྱལ་ཁབ་སོ་སོ་དང་འཕེལ་རྒྱས་གྲོགས་པོ་ཚང་མས་འགོ་ནད་ཀྱི་ནད་རྟེན་ལ་ཚོད་འཛིན་བྱེད་པ་དེ་ཐོག་མའི་ལས་འགན་དུ་བཟུང་ནས། སྔོན་འགོག་བྱས་ཆོག་པའི་འཇིགས་ཉེན་ཚབས་ཆེན་དེ་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།

ཕན་ཅི་ཝུན་གྱིས་བཤད་རྒྱུར། ལོ་རེར་མི་ས་ཡཱ་གཅིག་ལྷག་ཨ་ང་ཙི་དང་། སྦྲང་ནག་སོགས་འབུ་རིགས་ལས་བྱུང་བའི་ནད་ཡམས་ལས་ཚེ་སྲོག་ཤོར་བཞིན་ཡོད། ནམ་ཟླའི་འགྱུར་ལྡོག་དང་འཚོ་བའི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་དང་། རྒྱལ་སྤྱིའི་ཉོ་ཚོང་དང་གནས་སྐོར་འཕེལ་རྒྱས་སུ་སོང་བ་ལས་མི་སྔར་ལས་མང་བོ་ཞིག་རིམས་ནད་དེ་དག་གི་ནད་རྟེན་དང་བར་ཐག་ཇེ་ཉེར་སོང་ཡོད། ནད་རྟེན་ལས་འགོ་བའི་རིམས་ནད་དེ་དག་གིས་མི་རྣམས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པར་མ་ཟད། དབུལ་སེལ་དང་རྒྱུན་མཐུད་འཕེལ་རྒྱས་ལ་བར་ཆད་ཚབས་ཆེན་བཟོས་ཡོད་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག