མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གིས་ཅེ་ཁི་ནས་འཐབ་འཛིང་གནམ་གྲུ་ཆུང་བ་བཅུ་གཉིས་ཉོ་བསྡུ་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-08 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅེ་ཁིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བདུན་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་རག་གིས་ཅེ་ཁི་ནསL-159རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཆུང་བ་བཅུ་གཉིས་ཉོ་རྒྱུ་ཐག་བཅད་པ་དང་། ཕྱོགས་གཉིས་ཀྱིས་ཚེས་དྲུག་ཉིན་ཉོ་འཚོང་གན་རྒྱ་བཀོད་པ་དང་གན་རྒྱའི་སྤྱིའི་མ་དངུལ་ནི་མེ་སྒོར་དུང་ཕྱུར་གཉིས་ཙམ་རེད་ཟེར།

ཅེ་ཁིའི་ཝོ་ཏའོ་ཁི་ཏིས་གནམ་གྲུ་ཀུང་ཟིའི་སྤྱི་གཉེར་བ་ཞེ་མེ་ཁི་ཡིས་ས་དེའི་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། འཐབ་འཛིང་གནམ་གྲུ་དེ་དག་ནི་ཅེ་ཁིའི་དམག་དཔུང་གིས་བཀོལ་སྤྱོད་བྱེད་མཚམས་བཞག་པའི་གནམ་གྲུ་རྙིང་བ་ཡིན་པ་དང་། དབྱི་རག་ཕྱོགས་ཀྱི་དུས་ཚོད་ཐད་ཀྱི་རེ་བ་ཧ་ཅང་ཆེ་བས་གྲོས་མོལ་ལ་ཅེ་ཁིའི་རྒྱལ་སྲུང་པུའུ་ཡི་འཐུས་མི་ཞུགས་མེད་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། དབྱི་རག་གིས་ད་ལོའི་ཟླ་དགུ་བརF-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སྐོར་ཞིག་ཉོ་བསྡུ་བྱེད་རྒྱུ་ཡིན་པས། ཅེ་ཁི་རྒྱལ་ཁབ་ཀྱིས་ཐོན་སྐྱེད་བྱས་པའི་འཐབ་འཛིང་གནམ་གྲུ་ཆུང་བ་དེ་དག་བཀོལ་ནས་སྦྱོང་བརྡར་བྱེད་དགོས་པས། དབྱི་རག་ཕྱོགས་ཀྱིས་ཅེ་ཁི་རྒྱལ་ཁབ་ཀྱིས་ཟླ་དགུ་བའི་སྔོན་ལ་འཐབ་འཛིང་གནམ་གྲུ་དེ་དག་སྤྲོད་པར་རེ་བས་ཁེངས་ཡོད།

ཅེ་ཁིའི་ཝོ་ཏའོ་ཁི་ཏིས་གནམ་གྲུ་ཀུང་ཟིས་ཐོན་སྐྱེད་བྱས་པའིL-159རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཆུང་བ་དེར་འཐབ་འཛིང་གནམ་གྲུ་དང་ཁྲིད་སྟོན་གནམ་གྲུ་རིགས་གཉིས་ཡོད་པ་དང་། ཅེ་ཁིའི་དམག་དཔུང་གིས་གནམ་གྲུ་དེ་རིགས་བཀོལ་སྤྱོད་བྱེད་མཚམས་བཞག་ཡོད་ལ། མིག་སྔར་བཀོལ་སྤྱོད་བྱེད་མཚམས་བཞག་པའི་འཐབ་འཛིང་གནམ་གྲུ་སོ་དྲུག་ལ་ཉོ་བདག་འཚོལ་བཞིན་ཡོད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག