མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ཀྱི་སྡེ་བ་གཉིས་ལ་འཇབ་རྒོལ་ཐེབས་ཏེ་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-07 11:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་དམག་ཕྱོགས་དང་ཉེན་རྟོག་ཕྱོགས་ཀྱིས་ཚེས་དྲུག་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ཀྱི་ཀྲ་མུའུ་ཧྥ་ལཱ་ཀྲིག་གི་སྡེ་བ་གཉིས་ལ་ཚེས་ལྔ་ཉིན་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་ཟེར།

ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཨོ་ལུའུ་ཁི་ལཱ་ཏི་ཡིས་ཚེས་དྲུག་ཉིན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ཀྱི་ཀྲ་མུའུ་ཧྥ་ལཱ་ཀྲིག་གི་ཙུའུ་ཨར་མུས་ས་ཁུལ་གྱི་སྡེ་བ་གཉིས་ལ་ཚེས་ལྔ་ཉིན་གྱི་ཉིན་གུང་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་པ་དང་། དམག་ཕྱོགས་ཀྱིས་དོན་རྐྱེན་བྱུང་ས་དེར་དམག་མི་མངག་ནས་བདེ་འཇགས་སྒྲིག་ལམ་སྲུང་དུ་བཅུག་ཡོད་ཟེར།

ཀྲ་མུའུ་ཧྥ་ལཱ་ཀྲིག་གི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཨ་པུའུ་ཏུའུ་ལཱ་ཞེ་ཡིས་གསར་འགོད་པར་བདེན་དཔང་བྱས་དོན། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལས་ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཙུའུ་ཨར་མུས་ས་ཁུལ་སྲིད་གཞུང་གི་དཔོན་པོ་པའོ་ལོས་ཀྱིས་བཤད་རྒྱུར། དྲག་ཆས་ཉེས་ཅན་དེ་དག་གིས་ནེ་ཀྲི་རི་ཡཱའི་དམག་དཔུང་གི་དམག་ལྭ་གྱོན་ཡོད་པ་དང་། འཕྲུལ་རྟ་ལྔ་བཅུ་ཙམ་བསྐོར་ནས་སྡེ་བ་དེ་གཉིས་ལ་འབྱོར་རྗེས་མི་སེར་དཀྱུས་མར་མེ་མདས་བརྒྱབ་པ་རེད། དེ་ལས་གཞན་ད་རུང་འབྲུ་རིགས་གསོག་འཇོག་བྱེད་སའི་ཁང་བ་ཉི་ཤུ་ལྷག་མེར་བསྲེག་ཟེར།

མིག་སྔར་ད་རུང་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད་ཀྱང་། ས་དེའི་གསར་འགྱུར་ལས་རིགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་དེ་སྔོན་ཆད་ས་ཁུལ་དེར་བྱུང་བའི་རིགས་རྒྱུད་བར་གྱི་འཁྲུག་རྩོད་ལ་འབྲེལ་བ་ཡོད་ངེས་རེད་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག