ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་དེ་ཅང་གིས་གདན་ཞུ་གནང་བ་ལྟར། འབར་མའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཁང་གི་གྲོས་དཔོན་དང་མི་དམངས་ཁང་གི་གྲོས་དཔོན་གཅིག་ལྕོགས་ཝུ་རུའེ་མན་གྱིས་སྤྱི་ཚེས་8ཉིན་ནས་12ཉིན་བར་འབར་མའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཁང་གི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོར་འཚམས་འདྲི་གནང་རྒྱུ་ཡིན་པ་རེད། །