མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོས་ཨ་རིའི་དཔོན་རིགས་ཀྱིས་འགན་མི་འཁུར་བའི་གཏམ་བཤད་སྤེལ་བར་རྒོལ་གཏམ་བཏང་བ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-06 10:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་བཞི་ཉིན་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གི་ཕོ་ཉ་ཝུ་ཞི་ཡིས་ཨ་རི་སྲིད་གཞུང་གི་དཔོན་རིགས་ཁག་ཅིག་གིས་ཉེ་ཆར་ཀྲུང་གོ་དང་ཕེ་རུ་པེན་བར་གྱི་ལྷོ་རྒྱ་མཚོའི་རྩོད་གཞིའི་ཐད་འགན་མི་འཁུར་བའི་གཏམ་བཤད་སྤེལ་བར་རྒོལ་གཏམ་བཏང་ཡོད་པ་མ་ཟད། ཨ་རི་ཕྱོགས་ཀྱིས་འབྲེལ་ཡོད་མངས་ཁོངས་ས་ཆའི་བདག་དབང་གནད་དོན་ཐད་ལངས་ཕྱོགས་མི་འཛིན་རྒྱུའི་དམ་བཅའ་ལག་བསྟར་བྱེད་དགོས་པ་དང་། རྒྱལ་ཁབ་ཁག་ཅིག་གི་བརྙས་བརྐོ་བ་དང་ཉེན་ཁར་མི་བལྟོས་པའི་གཏམ་སྤྱོད་ཚབས་ཆེ་རུ་མི་འགྲོ་བ་བྱེད་དགོས་པའི་སྐུལ་མ་བཏང་འདུག

ཝུ་ཞི་ཡིས་ཉིན་དེར་གདན་ཞུ་བྱས་པ་ལྟར་ཨ་རིའི་ཆའོ་ཀྲེས་མན་སེན་སློབ་གྲྭ་ཆེན་མོའི་གཞུང་དོན་ཆབ་སྲིད་སློབ་གླིང་དུ་ཀྲུང་གོ་དང་ཨ་རིའི་བར་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་རྒྱུའི་སྐོར་གྱི་གཏམ་བཤད་སྤེལ་ཡོད་པ་དང་། ཁོང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་འགན་སྲུང་བྱེད་རྒྱུ་དེ་ནི་ཀྲུང་ཨ་དང་། དེ་བཞིན་ས་ཁུལ་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་གྱི་ཡོད་པ་དང་། ཤར་རྒྱ་མཚོ་དང་ལྷོ་རྒྱ་མཚོ་སོགས་ཀྱི་གནད་དོན་ནི་ཀྲུང་གོའི་བདག་དབང་དང་རྒྱ་མཚོའི་ཁེ་དབང་དང་འབྲེལ་བ་ཡོད་པ་ཞིག་ཡིན། ཨ་རིས་དོན་དངོས་དང་། དྲང་བདེན། དོ་སྙོམས་སྒོ་ནས་གནད་དོན་དེ་ཐག་གཅོད་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག

ཨ་རིས་མངས་ཁོངས་ས་ཆ་དང་བདག་དབང་གནད་དོན་ཐད་ལངས་ཕྱོགས་མི་འཛིན་རྒྱུའི་ཁས་ལེན་ཐེངས་མང་བྱས་ཡོད། འོན་ཀྱང་ཉེ་ཆར་ཨ་རིའི་དཔོན་རིགས་ཁག་ཅིག་གིས་སྤེལ་བའི་གཏམ་བཤད་ནི་ལངས་ཕྱོགས་དེ་དང་མཐུན་གྱི་མེད་ལ་ཕེ་རུ་པེན་ལ་ཕྱོགས་ལྷུང་བྱས་པ་ཞིག་ཡིན་པ་མ་ཟད། ལྷོ་རྒྱ་མཚོའི་གནད་དོན་དང་དབུ་ཁེ་ལན་གྱི་གནད་དོན་མི་མཐུན་མཉམ་བཤད་བྱས་ནས་ཕྱི་ཕྱོགས་སུ་ཡང་མི་དག་པའི་གནས་ཚུལ་ཁྱབ་སྤེལ་གཏོང་གི་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག