མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མ་ལེ་ཞི་ཡའི་མང་ཚོགས་ནས་ས་ངོས་དང་འབྲེལ་བ་ཆད་པའི་གནམ་གྲུའི་འགྲུལ་པའི་ཁྱིམ་མིར་གཅེས་སེམས་རོགས་རམ་བྱས་པ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-06 10:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་སིའིMH370རྟགས་ཅན་གྱི་གནམ་གྲུ་གར་སོང་ཆ་མེད་དུ་འགྱུར་ནས་ཟླ་བ་གཅིག་ཙམ་སོང་བ་དང་། ཀྲུང་གོའི་གྲུ་གཟིངས་དང་། གནམ་གྲུ་ཚུད་པའི་རྒྱལ་ཁབ་མང་པོའི་འཚོལ་སྐྱོབ་སྟོབས་ཤུགས་ཀྱིས་ཉིན་ཤས་བསྟུད་མར་དམིགས་འབེན་མཚོ་ཁོངས་སུ་ཟམ་མི་ཆད་པར་འཚོལ་སྐྱོབ་བྱས་ཡོད། དེ་དང་དུས་མཚུངས་སུ་གནམ་གྲུ་ས་ངོས་དང་འབྲེལ་བ་ཆད་པའི་ཉིན་གཉིས་པ་ནས་བཟུང་ཅི་ལོང་ཕོ་སོགས་ས་ཆར་ས་ངོས་དང་འབྲེལ་བ་ཆད་པའི་འགྲུལ་སྐྱེལ་གནམ་གྲུར་སྨོན་ལམ་འདེབས་མཁན་དང་འགྲུལ་པའི་ནང་མིར་འཚམས་འདྲི་ཞུ་བའི་གཅེས་སེམས་བྱེད་སྒོ་གཅིག་མཇུག་གཉིས་མཐུད་ངང་སྤེལ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག