མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁི་ལེ་ཡིས་ཨ་མེ་རི་ཁས་ཕ་ལེ་སི་ཐན་དང་དབྱི་སི་རལ་ལ་བར་འདུམ་བྱེད་པའི་ནུས་པར་ཚད་ཡོད་ཅེས་བཤད་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-05 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས་བཞི་ཉིན་བཤད་རྒྱུར། ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་ཀྱིས་སོ་སོར་ཞི་བདེའི་འཕེལ་རིམ་ལ་ཕན་པ་མེད་པའི་འགུལ་སྐྱོད་སྤེལ་བའི་རྗེས་སུ། ཨ་མེ་རི་ཁས་རང་གི་དབུས་ཤར་ཞི་བདེའི་འཕེལ་རིམ་ཁྲོད་ཀྱི་ནུས་པར་དཔྱད་འཇོག་བྱེད་རྒྱུ་ཡིན་ཟེར།

ཁི་ལེ་ཡིས་འདས་པའི་ཉིན་འགའི་རིང་ལ་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉི་གས་ཞི་བདེའི་འཕེལ་རིམ་ལ་ཕན་པ་མེད་པའི་འགུལ་སྐྱོད་སྤེལ་བ་དེ་ནི་ཡིད་ཕངས་པ་ཞིག་རེད་ཅེས་བཤད།

ཐེངས་མང་བོར་དབུས་ཤར་ལ་འཚམས་འདྲིར་སོང་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་ལ་སྐུལ་འདེད་བཏང་མྱོང་བའི་ཁི་ལེ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་དབུས་ཤར་ཞི་བདེའི་འཕེལ་རིམ་ཁྲོད་ཀྱི་ནུས་པར་ཚད་མེད་པ་ཞིག་མིན་པས། ད་ནི་དངོས་ཡོད་གནས་ཚུལ་ལ་བསམ་གཞིགས་ཞིབ་མོ་གཏོང་བའི་དུས་ལ་བབས་འདུག་ཟེར།

མཱོ་ལོ་ཀིའི་རྒྱལ་ས་ལཱ་པ་ཐི་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཁི་ལེ་ཡིས་དབུས་ཤར་གྱི་ཞི་བདེའི་འཕེལ་རིམ་ཐད་ནས་ཨ་མེ་རི་ཁའི་དུས་ཚོད་ལ་ཚད་བཀག་ཡོད་པ་དང་། ཁོས་ཙུང་ཐུང་ཨོ་པ་མ་དང་མཉམ་དུ་རྗེས་ཕྱོགས་ཀྱི་འགུལ་སྐྱོད་ལ་དཔྱད་འཇོག་བྱེད་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་།

ཁི་ལེ་ཚེས་བཞི་ཉིན་ཕྱིར་ཝ་ཧྲིན་ཏོན་ལ་ཐོན་པ་དང་། ཁོས་ཨ་མེ་རི་ཁས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་གྱི་གནས་ཚུལ་དང་། མངོན་འགྱུར་བྱེད་ཐུབ་པའི་དམིགས་འབེན་ལ་དཔྱད་འཇོག་ཞིབ་མོ་བྱེད་རྒྱུ་ཡིན་ཞེས་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག