མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡ་སོགས་ཀྱིས་མུ་མཐུད་ནས་འབྲེལ་གཏུག་མེད་པ་ཆགས་པའི་འགྲུལ་སྐྱེལ་གནམ་གྲུ་འཚོལ་སྐྱོབ་བྱེད་བཞིན་པ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-04 15:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་གསུམ་ཉིན་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡ་སོགས་རྒྱལ་ཁབ་ཀྱི་དམག་གྲུ་དང་གནམ་གྲུས་ཧིན་དུ་རྒྱ་མཚོའི་ལྷོ་མར་མུ་མཐུད་ནས་མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་སིའི་འབྲེལ་གཏུག་མེད་པ་ཆགས་པའི་འགྲུལ་སྐྱེལ་གནམ་གྲུ་འཚོལ་སྐྱོབ་བྱས་པ་དང་། ཉིན་དེར་ད་དུང་ཡང་གལ་ཆེ་བའི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད།

ཨོ་སི་ཁྲི་ལི་ཡའི་ཙུང་ལི་ཨ་སྦོ་ཐེས་མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་སིའི་འབྲེལ་གཏུག་མེད་པ་ཆགས་པའི་འགྲུལ་སྐྱེལ་གནམ་གྲུ་འཚོལ་སྐྱོབ་བྱེད་པའི་བྱ་སྤྱོད་ནི་འགྲོ་བ་མིའི་ལོ་རྒྱུས་ཐོག་ཆེས་དཀའ་ཚེགས་ཆེ་བའི་འཚོལ་སྐྱོབ་བྱ་སྤྱོད་ཐེངས་ཤིག་ཡིན་ཀྱང་། ཨོ་སི་ཁྲི་ལི་ཡ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་ནས་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མི་བློ་ཕམ་སྐྱེ་རུ་འཇུག་མི་སྲིད་ཅེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག