མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིས་ཕ་ལི་སི་ཐན་དང་དབྱི་སི་རལ་བར་གྱི་ཞི་བདེའི་གྲོས་མོལ་རྒྱུན་མཐུད་ཡོང་གང་ཐུབ་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-04 15:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་གསུམ་ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལིས་ཕ་ལི་སི་ཐན་གྱི་ཙུང་ཐུང་ཨ་པ་སེར་ཞལ་པར་བསྐྱོན་ནས། དཀའ་ཚེགས་ཆེན་པོ་འཕྲད་པའི་ཕ་ལི་སི་ཐན་དང་དབྱི་སི་རལ་བར་གྱི་ཞི་བདེའི་གྲོས་མོལ་རྒྱུན་མཐུད་ཡོང་གང་ཐུབ་བྱེད་རྒྱུ་ཡིན་ཞེས་གསུངས་འདུག

ཕ་ལི་སི་ཐན་གྱི་གནས་ཚུལ་ཤེས་མཁན་མི་སྣ་ཞིག་གིས་ཁེ་ལིས་ཉིན་དེ་རང་དུ་ཨ་པ་སེར་ཞལ་པར་བསྐྱོན་སྐབས་ཞི་བདེའི་གྲོས་མོལ་རྒྱུན་མཐུད་ཡོང་བྱེད་ཆེད་ནུས་ཤུགས་ཡོད་རྒུ་འདོན་རྒྱུའི་ཁས་ལེན་གནང་ཡོད། དེར་བརྟེན་ཕྱོགས་གཉིས་པོས་དེའི་རྗེས་ཀྱི་ཉིན་ཁ་ཤས་རིང་མུ་མཐུད་གྲོས་བསྡུར་གནང་རྒྱུའི་གཏན་འཁེལ་གནང་ཡོད་ཅེས་བཤད་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག