མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རང་བཙན་རྒྱལ་ཁབ་མཉམ་འབྲེལ་གྱི་མཉམ་སྡེབ་བདེ་འཇགས་ཆིངས་ཡིག་སྒྲིག་འཛུགས་ཀྱིས་མོ་སི་ཁོར་ཕྱི་འབྲེལ་པུ་ཀྲང་གྲོས་ཚོགས་སྐོང་འཚོགས་བྱས་པ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-04 15:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་གསུམ་ཉིན་རང་བཙན་རྒྱལ་ཁབ་མཉམ་འབྲེལ་གྱི་མཉམ་སྡེབ་བདེ་འཇགས་ཆིངས་ཡིག་སྒྲིག་འཛུགས་ཀྱིས་མོ་སི་ཁོར་ཕྱི་འབྲེལ་པུ་ཀྲང་གྲོས་ཚོགས་སྐོང་ཚོགས་བྱས་རྗེས་གསལ་བསྒྲགས་སྤེལ་ནས། སི་རི་ཡའི་ཁྲག་དོན་གདོང་གཏུག་མཚམས་འཇོག་བྱེད་དགོས་པའི་རེ་འབོད་བྱས་འདུག གསལ་བསྒྲགས་ནང་སི་རི་ཡའི་ནུབ་བྱང་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་ཕྱིན་པ་དེར་རང་བཙན་རྒྱལ་ཁབ་མཉམ་འབྲེལ་གྱི་མཉམ་སྡེབ་བདེ་འཇགས་ཆིངས་ཡིག་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། རང་བཙན་རྒྱལ་ཁབ་མཉམ་འབྲེལ་གྱི་མཉམ་སྡེབ་བདེ་འཇགས་ཆིངས་ཡིག་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་མི་སེར་ལ་དམིགས་པའི་འཇིགས་སྐུལ་རིང་ལུགས་དང་དྲག་ཤུགས་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་གཏོང་རྒྱུ་མ་ཟད། དྲག་ཤུགས་གང་མགྱོགས་མཚམས་འཇོག་བྱེད་དགོས་པ་མ་ཟད་སི་རི་ཡའི་ཡུལ་གྱར་བ་རྣམས་བདེ་འཇགས་ངང་ཕ་ཡུལ་དུ་ལོག་རྒྱུ་འགན་སྲུང་བྱེད་དགོས་པའི་རེ་འབོད་བྱས་ཡོད་ཅེས་འཁོད་འདུག

རང་བཙན་རྒྱལ་ཁབ་མཉམ་འབྲེལ་གྱི་མཉམ་སྡེབ་བདེ་འཇགས་ཆིངས་ཡིག་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་འབྲེལ་ཡོད་ཕྱོགས་ཁག་གིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་སྲོལ་ཡིག་བརྩི་སྲུང་ནན་པོ་ཞུས་ནས། ཆབ་སྲིད་ཐབས་ལམ་བརྒྱུད་དེ་ཞི་བདེའི་སྒོ་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་རེ་འབོད་བྱས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག