མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་གྱི་དམག་དོན་སྦྱོང་བརྡར་དེ་འུད་སྒྲོག་མི་བྱེད་རྒྱུའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-04 15:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་ལ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་གསུམ་ཉིན་ཝུའུ་ཁི་ལན་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སིས་ཝུའུ་ཁི་ལན་དང་ཉེ་བའི་ལོ་སི་ཐོ་ཧྥུའུ་ཀྲིག་ནས་སྤེལ་བཞིན་པའི་དམག་དོན་སྦྱོང་བརྡར་དེ་འུད་སྒྲོག་མི་བྱེད་རྒྱུའི་འབོད་སྐུལ་བཏང་།

ཨུ་རུ་སིའི་ཕྱི་འབྲེལ་ལས་ཁུངས་ཀྱི་དྲ་ཚིགས་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ལ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་བཤད་རྒྱུར། ཨུ་རུ་སིས་རྒྱལ་ཁབ་རང་གི་མངའ་ཁོངས་ནས་དྲག་ཆས་སྟོབས་ཤུགས་ཡར་མར་ལ་སྤར་བ་དེར་བཅའ་ཁྲིམས་ཀྱི་གནད་དོན་ཅི་ཡང་མེད་ལ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉེ་སྔོན་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་ལ་ཁ་པར་གཏོང་སྐབས། གོང་གི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་ཁྲོད་ཀྱི་སྟོང་ཤོག་ཅིག་སཱ་མ་ལ་ཀྲིག་གི་རྒྱུན་སྡོད་དམག་སྒར་དུ་ཕྱིར་ལོག་ཡོད་ལ། དམག་སྦྱོང་དུ་ཞུགས་པའི་དམག་དཔུང་གཞན་པ་ཡང་སྔ་གཞུག་ཏུ་ཕྱིར་ལོག་ངེས་ཞེས་བཤད་ཡོད་ཟེར།

ལ་ཧྥུའུ་ལོ་ཧྥུའུ་ཡིས་ཉེ་སྔོན་མི་ཁ་ཤས་ཀྱིས་དོན་དངོས་དང་འགལ་ཏེ་ཨུ་རུ་སིའི་དམག་སྦྱོང་དེ་ཚད་བརྒལ་གྱིས་འུད་སྒྲོག་བྱེད་བཞིན་ཡོད་ལ། ཨུ་རུ་སི་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཀྱིས་ཨུ་རུ་སིའི་དམག་དོན་སྦྱོང་བརྡར་ལ་རྣམ་འགྱུར་དྲང་མོ་འཛིན་དགོས་པར་འདོད་ཡོད་ཅེས་བཤད།

ཨ་མེ་རི་ཁའི་དམག་གྲུ་མཚོ་ནག་ས་ཁུལ་ནས་འདུག་པའི་དུས་ཚོད་ཇེ་རིང་ལ་བཏང་བའི་གནས་ཚུལ་སྐོར་གླེང་སྐབས། ལ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། མིན་ཐི་ལེ་སྤྱི་ཆིངས་ནང་དུ་ལྗིད་ཚད་དང་དུས་ཚོད་ཀྱི་ཐད་ནས་མཚོ་ནག་འགྲམ་རྒྱུད་དུ་མེད་པའི་རྒྱལ་ཁབ་ཀྱི་དམག་གྲུ་མཚོ་ནག་ས་ཁུལ་དུ་འདུག་པར་གཏན་ཁེལ་གསལ་བོ་བྱས་ཡོད་ལ། ཨ་མེ་རི་ཁའི་དམག་གྲུ་ཁ་ཤས་གཏན་ཁེལ་གྱི་ཚད་ལས་བརྒལ་ཡོད་པ་དང་། སྤྱི་ཆིངས་དེའི་གཏན་ཁེལ་དང་གཏན་ནས་མི་མཐུན། ཉེ་སྔོན་ཨུ་རུ་སི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཐུར་ཁེ་ལ་གནད་དོན་དེའི་ཐད་ནས་གསལ་འདེབས་བྱས་ཡོད་པ་མ་ཟད། ད་དུང་དོན་དག་དེར་མུ་མཐུད་དུ་དོ་སྣང་བྱེད་རྒྱུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག